མར་ཀུའི་འབྲིས་པའི་ཕྲིན་བཟང་བཞུགས་སོ།
ཁྲུས་གསོལ་གནང་མི་ཡོ་ཧ་ནན་གྱིས་བཤད།
༄༅།། དཀོན་མཆོག་གིས་སྲས་ཡེ་ཤུ་མ་ཤི་ཀའི་ཕྲིན་བཟང་འགོ་ཟོག་དི།། ༢ ལུང་སྟོན་ཚུ་ནང་འབྲིས་ཡོདཔ་བཞིན་དུ། ངི་ཕོ་ཉ་ཁྱོད་ཡོད་སར་གཏང་འོང་། ཁོ་གྱིས་ཁྱོད་རའི་ལམ་གསལ་འོང་།། ༣ བྱང་ཐང་ནང་ལུ་མི་སྐད་གཅིག་བརྐྱབས་ཡོད། གཙོ་བོའི་འབྱོན་ལམ་གྲ་སྒྲིགས་བཟོ། ཁོའི་འབྱོན་ལམ་ཟྲངམ་སྦེ་བཟོ་ཟེར་ཡོདཔ་ཨིན་པས།། ༤ ཡོ་ཧ་ནན་གྱིས་སྡིག་པ་འདག་ནི་དོན་ལུ། སྡིག་བཤགས་གྱིས་ཁྲུས་ཁྲུས་གསོལ་སྐོར་བྱང་ཐང་ནང་ལུ་ཆོས་གནང་པར་འབྱོན་ནུག།། ༥ ཡ་ཧུ་དཱ་ལུངམ་ཕྱོགས་ཚུ་ག་ར་དང་། ཡེ་རུ་ཤ་ལེམ་ཚུ་གེ་ར་ཁོང་རའི་སྡིག་པ་བཤགས་ཐབས་ལུ་ཁོ་ལས་འཇོར་དཱན་གཙང་ཆུ་ནང་ལས་ཁྲུས་གསོལ་ཞུ་ཡོདཔ་ཨིན་པས།། ༦ ཡོ་ཧ་ནན་དེ་རྔ་རྨོང་གིས་སྤུའི་བགོ་ལ་གྱོན། རྐེད་པར་ལུ་ལྤག་ཀོའི་སྐེ་རགས་བཅིངས། བཟའ་འཐུང་འབུབ་ཆ་ག་དང་འཚལ་མ་ནང་གིས་སྦྱང་རྕི་ཚུ་ཨིན་པས།། ༧ ཁོའི་ཆོས་བཤད་དེ་སྦེ་གནང་ནུག། ང་ལས་མཟུ་སྟོབས་སྦོམ་ཡོད་མི་དེ། ངི་རྟིང་ལས་འབྱོན་དོ། ང་གིས་མར་སྒུར་ཞིནམ་ད་ཁོའི་ཞབས་ལྟམ་གྱི་བཅིངས་ཟག་ཕུད་ནིའི་འོས་འབབ་ང་ལུ་མེད།། ༨ ང་གིས་ཁྱེད་ལུ་ཆུའི་ཁྲུས་གསོལ་བྱིནམ་ཨིན། ཁོ་གྱིས་ཁྱེད་ལུ་དམ་པའི་ཐུགས་ཉིད་ཀྱིས་ཁྲུས་གསོལ་གནང་འོང་ཟེར་གསུངས་ནུག།།
ཡེ་ཤུ་ཁྲུས་གསོལ་བཞེས་ཡོདཔ།
༩ དེ་བསྒང་གཱ་ལི་ལི་གྱིས་གཡུལ་ཁྲོམ་ན་ཙ་རེད་ལས་ཡེ་ཤུ་འབྱོན་དི། འཇོར་དཱན་ནང་ལུ་ཡོ་ཧ་ནན་ལས་ཁྲུས་གསོལ་བཞེས་ནུག།། ༡༠ ཆུའི་ནང་ལས་ཕྱི་འཐོན་འབྱོནམ་ད་ལུ། ཞིང་ཁམས་ཁོ་ལུ་ཁ་ཕྱེས་ཏི་ཐུགས་ཉིད་དེ་བྱ་ཕུ་ཀྲོ་བཟུམ་ཅིས་ཁོའི་འགུ་འབབ་འབྱུངམ་མཇལ་ནུག།། ༡༡ དེ་ལས་ཞིང་ཁམས་ལས་མར་གསུངས་སྒྲ་གཅིག་གིས། དེ་ང་གིས་ཐགས་དགྱེས་པའི་སྲས་བརྕེ་གདུང་དི་ཨིན། ང་ཁོ་ལུ་ཡིད་སུ་རངས་ཡོད་ཟེར་གསུངས་ནུག།།
བདུད་ཀྱིས་བར་ཆད།
༡༢ དེ་ཕྲལ་ལས་ཁོ་ཐངས་ཉིད་ཀྱིས་བྱང་ཐང་ནང་ལུ་འཁྱིད་ནུག།། ༡༣ དེ་ཁར་ལུ་ཁོ་ཞག་བཞི་བཅུའི་བར་ནང་བདུད་ས་ཏཱན་གྱིས་བར་ཆད་བརྐྱབས་ནུག། རི་དཱགས་སེམས་ཅན་དང་གཅིག་ཁར་བཞུགས་དི། ཕོ་ཉ་ཚུ་གྱིས་ཁོའི་ཞབས་ཏོག་ཞུ་ནུག།། ༡༤ ཡོ་ཧ་ནན་བཙོན་ནང་བཙུགས་པའི་ཤུལ་ལུ། ཡེ་ཤུ་གཱ་ལི་ལི་ལུ་འབྱོན་དི་དཀོན་མཆོག་གིས་ཕྲིན་བཟང་སྐོར་ལས་ཆོས་བཤད་གནང་ནུག།། ༡༥ དུས་ཡིན་དེ་རན་ཡི། དཀོན་མཆོག་གིས་རྒྱལ་སྲིད་དི་སྦོ་ལོག་ཁར་ལྟོད་ཡོདཔ་ལས་ཕྲིན་བཟང་དི་ལུ་དད་པ་སྐྱེད་དི་བཤགས་པ་ཕུལ་ཟེར་ཆོས་སྟོན་ནུག།།
ཉ་རོགཔ་བཞི་སློབ་མ་ལུ་འགྱུར་ཡོདཔ།
༡༦ ཡེ་ཤུ་གཱ་ལི་ལི་མཚོ་མཐའ་མར་ལས་འབྱོནམ་ད་ལུ། ཁོང་ཉ་རོགཔ་ཨིན་པའི་སི་མོན་དང་ཁོའི་ནུ་གཅུང་ཨེན་གྲེའུ་ཁོང་ཚུ། མཚོའི་ནང་ན་ལུ་ཉའི་དྲཝ་དབྱུགས་སར་གཟིགས་ཞིནམ་ལས།། ༡༧ ཡེ་ཤུ་གྱིས་ཁོང་ལུ། ང་གིས་ཁྱེད་ཚུ་མི་བཟུང་ནིའི་ཉ་རོགཔ་བཟོ་བྱིན་གེ། ངི་རྟིང་ཤུལ་ཤོག་ཟེར་བཀའ་གནང་བའི་སྐབས་ལུ།། ༡༨ དེ་ཕྲལ་ལས་ཉའི་དྲཝ་ཚུ་བཀོག་བཞག་ཞིནམ་ལས་ཁོའི་རྟིང་ཤྭལ་འོངས་ནུག།། ༡༩ ཁོ་ཨ་ཙི་རྒྱང་རིང་སར་ལས་འབྱོནམ་ད། ཇེབ་ཨི་དིའི་བུ་ཚུ་ཡ་ཀོབ་དང་ཁོའི་སྤན་ཆ་ཡོ་ཧ་ནན་ཚུ་གྲུའི་ནང་ན་ཉའི་དྲཝ་བཅོས་ཁ་བརྐྱབས་ཏེ་ཡོདཔ་ཨིནམ་གཟིགས་ཞིནམ་ལས།། ༢༠ དེ་ཕྲལ་ལས་ཁོ་གྱིས་ཁོང་ཚུ་འབོབ་ད་ལུ། ཁོང་རའི་ཨ་པ་ཇེབ་ཨི་དི་དང་ལཱ་མི་ཚུ་གྲུའི་ནང་བཀོག་བཞག་དི་ཁོའི་རྟིང་ཤུལ་འོངས་ནུག།།
གདོན་འཛུལ་མི་གཅིག་ངན་པའི་སེམས་ཉིད་ཕྱི་བཏོན་བཏང་ཡོདཔ།
༢༡ ཁོང་ཚུ་ཀྰ་པེར་ན་ཧུམ་ལུ་ཕེབས་ཞིནམ་ལས། དམ་པའི་ངལ་གསོ་ཉིམ་ལུ་ཁོ་གྱིས་འདུ་ཁང་ནང་འཛུལ་ཏི་ཁོང་ལུ་ཆོས་བསྟོན་ནུག།། ༢༢ ཡེ་ཤུ་གྱིས་ཁོང་མཁན་པོ་ཚུ་བཟུམ་མེན་པར་གཅིག་ལུ་དབང་ཚད་ཡོདཔ་བཟུམ་ཆོས་བསྟོནམ་ལས། ཁོང་གེ་ར་ཁོའི་ཆོས་བཤད་ལུ་ཡ་མཚན་ཆེ་ནུག།། ༢༣ དེ་བསྒང་ཁོང་ཚུ་གྱིས་འདུ་ཁང་ནང་གདོན་འགེགས་འཛུལ་མེ་གཅིག་གིས་སྐད་སྦོམ་བརྐྱབས་དི། ༢༤ དབའི་ན་ཙ་རེད་པ་ཡེ་ཤུ། ཁྱོད་དང་ང་བཅས་ག་ཅིས་བྲེལ་བ་ཡོདཔ། ང་བཅས་མེདཔ་བཏང་པར་འབྱོན་འབྱོནམ་ཨིན་ན། ཁྱོད་ག་ཨིན་ན་ང་གིས་ཤེས། ཁྱོད་དཀོན་མཆོག་གིས་སྐྱེས་བུ་དམ་པགཅིག་ཨིན་ཟེར་ཞུ་ནུག།། ༢༥ འདི་འབདཝ་ད་ཡེ་ཤུ་ཀྱིས་ཁོ་ལུ། ཁ་བཙམ། ཁོའི་ནང་ན་ལས་ཕྱི་འཐོན་ཤོག་ཟེར་བཀའ་བཀྱོན་གནངམ་ད།། ༢༦ གདོན་དེ་གྱིས་མི་འདི་དཀྲུགས་ཞིནམ་ད། སྐད་ངན་བརྐྱབས་ཏེ་ཁོའི་ནང་ན་ལས་ཕྱི་འཐོན་སོ་ནུག།། ༢༧ མི་ཚུ་ག་ར་ཡ་མཚན་ཆེཝ་ལས་ཁོང་རང་ནང་འཁོད་ལུ་གཅིག་གིས་གཅིག་ལུ་འདྲི་ལན་དཔྱད་དི། དི་ག་ཅིས་ཨིན་ན། སླབས་སྟོན་གསརཔ་དི་ག་ཅིས་ཨིན་ན། ཁོ་གྱིས་གདོན་དེ་ཚུ་ལུ་ཡང་དབང་ཆ་ཡོདཔ་བཟུམ་བཀའ་གནང་དི། ཁོང་ཚུ་གྱིས་ཡང་ཁོའི་བཀའ་ལུ་ཉན་པས་ཟེར་སླབས་ནུག།། ༢༨ དེ་ཕྱལ་ལས་ཁོའི་གཏམ་སྙན་ཚུ་གཱ་ལི་ལི་གྱིས་ལུངམ་ཕྱོགས་ག་ར་ལུ་ཁྱབས་སོ་ནུག།། ༢༩ དེ་ལས་འདུ་ཁང་ནང་ལས་བཞེངས་ཞིནམ་ད། ཡ་ཀོབ་དང་ཡོ་ཧ་ནན་མཉམ་སི་མོན་དང་ཨེན་གྲེ་ཨོའི་ཁྱིམ་ནང་འབྱོན་ནུག།། ༣༠ སི་མོན་གྱིས་ཨ་ནི་བྱང་ཤུགས་ན་སྟི་ཉལ་ཡོདཔ་ཨིན་པས། དེའི་སྐོར་ལས་ཁོ་ལུ་དགོབས་སྐུར་ཞུ་ནུག།། ༣༡ ཡེ་ཤུ་སྦོ་ལོག་ཁར་འབྱོནམ་ཞིནམ་ད། མོའི་ལགཔ་ལུ་ཕྱག་སྐྱེལཝ་ཅིས་བྱ་ཤུགས་བརྐྱབ་ནི་དྲག་དི། མོ་ཡར་ལོངས་ཞིནམ་ལས་ཁོ་ལུ་ཞབས་ཏོག་ཞུ་ནུག།། ༣༢ ཉིམ་ནུབ་ཞིནམ་ལས་གནམ་ཕྱི་རུ་འགྱོཝ་ད། ཁོང་མི་ཚུ་གྱིས་ཁོའི་སྐུ་མདུན་ལུ་ནདཔ་དང་གདོན་འཛུལ་མི་ལེ་ཤ་འཁྱིད་འོངས་ཏེ།། ༣༣ ཡུལ་ཕྱོགས་ཀྱིས་མི་ཚུ་གེ་ར་གཅིག་ཁར་འཛོམས་ཞིནམ་ད། སྒོ་རྩ་བར་སྡོད་ནུག།། ༣༤ ནདཔ་ཚུ་ནད་རིགས་མ་འདྲཝ་ལས་ནད་གསོས་མཛད་གནང་ནུག། དེ་ལས་གདོན་གྱིས་གནོད་མི་ཚུ་ཡང་ཕྱི་བཏོན་བཏང་སྟི། གདོན་ཚུ་གྱིས་ཁོ་ངོ་ཤེས་ཏེ་སླབས་ནི་མེདཔ་སྦེ་མཛད་ནུག།།
གཱ་ལི་ལི་ནང་ཆོས་གནངམ།
༣༥ དྲོ་པ་ཧ་སག་ཉིམ་མ་ཤར་བའི་ཧེ་མ་ལས་ཡར་བཞེངས་ཞིནམ་ད། ཡེ་ཤུ་ཕྱི་འཐོན་དི་དབེན་པའི་གནས་གཅིག་ལུ་འབྱོན་ཞིནམ་ལས། དེ་ཁར་ཐུགས་དམ་གནང་བཞུགས་ནུག།། ༣༦ སི་མོན་དང་གཞན་ཡང་ཁོ་མཉམ་ཡོད་མི་ཚུ་ཁོའི་བརྟིང་ཤུལ་ཁོ་འཚོལ་བར་སོངས་ནུག།། ༣༧ ཁོང་ཚུ་གྱིས་ཁོ་མཇལ་ཞིནམ་ད། མི་ག་ར་གྱིས་ཁྱོད་འཚོལཝ་མས་ཟེར་ཞུཝ་ད་ལུ།། ༣༨ ཡེ་ཤུ་གྱིས་ཁོང་ཚུ་ལུ་ ང་བཅས་ར་ཐག་ཉེས་བའི་ལུངམ་ཕྱོགས་ཚུ་ནང་སོངས་ཞིནམ་ད། ང་གིས་དེ་ཁར་ལུ་ཆོས་བཤད་དགོཔ་འབད་ང་འོངམ་ཨིན་ཟེར་གསུངས་ནུག།། ༣༩ དེ་ལས་ཁོ་གྱིས་གཱ་ལི་ལི་འདུ་ཁང་ཚུ་ནང་ཆོས་གནར་ཡོདཔ་མ་ཚད་བདུད་ཚུ་ཡང་བཏུལ་གནང་ནུག།། ༤༠ མཛེ་ནད་ཕོག་མི་གཅིག་ཁོ་མཇལ་བར་འོངས་ཞིནམ་ད། པུས་མོ་ས་ཁར་བཙུགས་དི། ཁྱོད་ཀྱི་ཐུགས་བཞེས་ལནང་བ་ཅིན་ང་གཙང་ཏོག་ཏོ་འགྱུར་ཚུགས་ཟེར་དེ་སྦ་ཞུཝ་ད།། ༤༡ ཡེ་ཤུ་ལུ་སྙིང་རྗ་འོངས་ཏེ་རའི་ཕྱག་བརྐྱང་ཞིནམ་ད་ཁོའི་འགུ་སྐྱེལ་དི། ང་གིས་སྦེ་ཁྱོད་གཙང་བར་འགྱུར་ཅིག།། ༤༢ ཟེར་གསུངས་བའི་སྐབས་ལུ་དེ་ཕྲལ་ལས་ཁོའི་འཛེ་ནད་དྲག་སོ་ནུག།། ༤༣ དི་ཕྲལ་ལས་ཡེ་ཤུ་གྱིས་མི་དེ་ཕྱི་བཏོན་དི་ཁོ་ལུ་དེ་སྦེ་བཀའ་གནང་ནུག།། ༤༤ མི་ག་ལུ་ཡང་དེའི་སྐོར་ལས་མསླབས། ཁྱོད་སོང་ཞིནམ་ད་བདེན་པའི་དཔང་གཞག་འབད་དགོ་པའི་དོན་ལུ། བླམ་བླ་ཆེན་ལུ་ཁྱོད་རའི་ནང་ཞི་དྲག་ཡོདཔ་ཚུ་ཁོང་ལུ་བཏོན། ཁྱོད་ཧིང་སང་ས་འགྱུརཝ་མོ་ཤའི་བཀའ་ཁྲིམས་བཞིན་དུ་འབུལ་བ་ཚུ་ཕུལ་ཟེར་བཀའ་གནང་ནུག།། ༤༥ གན་སྐོར་རུང་མི་དེ་སོངས་ཞིནམ་ད། ཁོ་གྱིས་གནས་ཚུལ་དི་ག་སྟི་གུ་སྟི་མེད་པར་ཁྱབས་སྒྲགས་འབད་ཡོདཔ་ལས། ཤུལ་ལས་ཡེ་ཤུ་ལུངམ་ཕྱོགས་ཚུ་ནང་མངོན་གསུམ་སྦེ་འབྱོན་མ་ཚུགས་པར། དབེན་པའི་ས་གནས་ལུ་བཞུགས་དགོཔ་འབྱུང་ནུག། མི་ཚུ་ཕྱོགས་བཞི་ཁར་ལས་ཁོ་མཇལ་བར་འོངས་ནུག།།
གཟའ་ནད་གཅིག་དྲག་གནངམ།།
༄༅།། ཉིམ་དག་པ་ཅིས་རྒྱབ་ལས་ཀ་པེར་ན་ཧུམ་ལུ་འབྱོནམ་ད། ཡེ་ཤུ་གཟིམ་ཅུང་ནང་བཞུགས་ནུག་ཟེར་བའི་གཏམ་མི་ཚུ་གྱིས་རྣཝ་གོ་ཞིནམ་ལས།། ༢ སྒོའི་རྕ་བར་ལུ་ཡང་སྡོད་སར་མེད་པའི་གནམ་མེད་ས་མེད་མི་མངཔོ་སྤུངས་ཡོདཔ་ཚུ་ལུ། ཁོ་གྱིས་ཆོས་གནང་ནུག།། ༣ མི་བཞི་གྱིས་སྦག་འོངས་མི་གཟའ་ནད་ཕོག་མི་གཅིག་ཁོའི་སྐུ་མདུན་ལུ་བསྐྱེལ་ནི་འབདཝ་ད།། ༤ མི་ལེ་ཤ་སྤུངས་ཡོདཔ་ལས་ལམ་མ་ཐར་བར། ཁོ་བཞུགས་སའི་ཁྱིམ་ཐོག་བཤུབས་ཏེ་དོང་སྤེགས་ཞིནམ་ད། བཅའ་ཤིང་དང་ནདཔ་གཅིག་ཁར་དྲག་སྟི་མར་ཕབས་ནུག།། ༥ ཡེ་ཤུ་གྱིས་ཁོང་ལུ་གྱིས་དད་པ་ཡོདཔ་གཟིགས་ཏི། ཁོ་གྱིས་གཟའ་ནད་ཕོག་མི་དེ་ལུ། བུ་ཁྱོད་ཀྱིས་སྡིག་པ་འདག་ཚར་ཡི་ཟེར་གསུངསམ་ད་ལུ།། ༦ དེ་ཁར་ཡོད་པའི་ཁོང་མཁན་པོ་དག་པ་གཅིག་གིས་སེམས་ལུ་དོགས་པ་ཆགས་ཞིནམ་ལས། ༧ མི་དེ་གྱིས་ག་ཅིས་སླབས་ཨིན་ན། ཁོ་གྱིས་སྐུར་པ་བཏབ་ཅིས། དཀོན་མཆོག་གཅིག་གིས་ཏོགས་པར་གཞན་ག་གིས་ཡང་སྡིག་པ་འདག་ཚུགས་པའི་མི་མེད་ཟེར་སེམས་ལུ་མནོ་ཡོདཔ་དེ།། ༨ དེ་ཕྲལ་ལས་ཡེ་ཤུ་གྱིས་མཁྱེན་དི་ཁོང་ལུ། ཁྱེད་ཆུའི་སེམས་ནང་དེ་སྦེ་ག་ཅིས་མནོ་བསམ་གཏངམ་སྨོ།། ༩ གཟའ་ནད་ཕོག་མི་དེ་ལུ་ཁྱོད་རའི་སྡིག་པ་འདག་ཚར་ཡི་ཟེར་བར་འཇམ་ནི་སྨོ། ཡང་ཅིན་ཡར་ལོང་ཞིནམ་ད་ཁྱོད་རའི་གཅའ་ཤིང་སྦག་དི་སོང་ཟེར་བར་འཇམ་ནི་སྨོ།། ༡༠ ཨིན་རུང་ས་སྟེང་འདི་ཁར་མིའི་བུ་ཀྱིས་སྡིག་པ་འདག་གནང་ནིའི་དབང་ཆ་ཡོདཔ་ཨིན་ཟེར་གསུངས་ཞིནམ་ལས ཁོ་གྱིས་གཟའ་ནད་ཕོག་མི་དེ་ལུ་གསུངས་ནུག།། ༡༡ ང་གིས་ཁྱོད་ཡར་ལོངམ་ཞིནམ་ད་གཅའ་ཤིང་སྦག་དི་ཁྱོད་རའི་ཁྱིམ་ནང་སོང་ཟེར་དེ་སྦེ་གསུངས་པའི་སྐབས།། ༡༢ དེ་ཕྲལ་ལས་ནདཔ་དེ་ཡར་ལོངས་དི་གཅའ་ཤིང་སྦག་ཞིནམ་ད་ཁོང་ཚུའི་གདོང་ཁར་ལས་ཁྱིམ་ནང་སོངས་ནུག། མི་ཚུ་ག་ར་ཡ་མཚན་ཆེཝ་ལས་དཀོན་མཆོག་ལུ་བསྟོད་པ་ཕུལ་ཏེ་ང་བཅས་དི་བཟུམ་ནམ་ཡང་མཇལ་མ་མྱོང་ཟེར་སླབས་ནུག།། ༡༣ ད་རུང་ཁོ་མཚོའི་མཐའ་མར་འབྱོནམ་ད་ལུ། མི་ཚོགས་ལེ་ཤ་ཁོའི་སྐུ་མདུན་ལུ་སྤུངས་དི་འོངམ་ལས། ཁོང་ཚུ་ལུ་ཡེ་ཤུ་གྱིས་ཆོས་གནང་ནུག།། ༡༤ ཁོ་འབྱོནམ་ད་ལུ་ཨཱལ་པི་ཡས་ཀྱིས་བུ་ལི་ཝི་ཟེར་མི་དེ། འོང་འབབ་ཡིག་ཚང་ལུ་སྡོད་ཡོདཔ་གཟིགས་ཞིནམ་ད་ཁོ་ལུ། ངི་རྟིང་ཤུལ་ཤོག་ཟེར་གསུངས་པའི་སྐབས། ཁོ་ལོངས་ཞིནམ་ལས་ཁོའི་རྟིང་ཤུལ་འོངས་ནུག།། ༡༥ ནམ་ཅིག་འབདཝ་ད། ཡེ་ཤུ་གཟིམ་གཅུང་ནང་ལུ་གསོལཝ་བཞེས་དི་བཞུགསཔ་ད་ལུ། ཁོའི་རྟིང་ཤུལ་འོངས་མི་མི་ལེ་ཤ་ཡོདཔ་འིན་པས། ཁྲལ་བསྡུ་མི་དང་སྡིག་ཅན་མི་ལེ་ཤ་ཡེ་ཤུ་དང་ཁོའི་སློབ་མ་ཚུ་མཉམ་སྡོད་ཞིནམ་ད་བཞེས་གོ་བཟའ་ནུག།། ༡༦ མཁན་པོ་དང་ཕ་རུ་ཤི་པ་ཚུ་གྱིས། ཁོ་ཁྲལ་བསྡུ་མི་དང་སྡིག་ཅན་ཚུ་མཉམ་གསོལཝ་བཞེསཔ་མཐོང་དི། ཁོང་ཚུ་གྱིས་ཁོའི་སློབ་མ་ཚུ་ལུ། ཁོ་ག་ཅིས་སྦེ་ཁོང་དང་མཉམ་ཅིས་དེ་སྦེ་གསོལཝ་བཞེསཔ་ཨིན་ན་ཟེར་སླབས་ཡོདཔ་དེ།། ༡༧ ཡེ་ཤུ་གྱིས་གསན་ཞིནམ་ལས་ཁོང་ལུ། ཁོང་ནད་མེད་མི་ཚུ་ལུ་དྲང་ཚོ་མིན་དགོ། ནད་ཡོད་མི་ཚུ་ལུ་དགོཔ་ཨིན། ཆོས་སེམས་ཅན་ཚུ་འབོ་པར་ང་མ་འོང་། སྡིག་ཅན་ཚུའི་འགྱོད་བཤགས་ཞེས་པར་འོངས་འོངམ་ཨིན་ཟེར་གསུངས་ནུག།།
མྱུང་གནས་སྲུང་བའི་སྐོར།
༡༨ ཡོ་ཧ་ནན་གྱིས་སློབ་མ་དང་ཕ་རུ་ཤི་པ་ཚུ་སྨྱུང་གནས་སྲུངམ་ད་ལུ། མི་ཚུ་འོངས་དི་ཁོ་ལུ། ཡོ་ཧ་ནན་གྱིས་སློབ་མ་དང་། ཕ་རུ་ཤི་པའི་སློབ་མ་ཚུ་སྨྱུང་གནས་སྲུང་། རུང་། ཁྱོད་ཀྱིས་སློབ་མ་ཚུ་ག་ཅིས་སྦེ་སྨྱུང་གནས་མ་སྲུངམ་ཨིན་ན་ཟེར་ཞུཝ་ད་ལུ།། ༡༩ ཡེ་ཤུ་གྱིས་ཁོང་ལུ། རྨགཔ་དང་མཉམ་ཡོད་རིང་ལུ་མགྱོནམ་ཚུ་གྱིས་སྨྱུང་གནས་སྲུང་དགོཔ་མེད།། ༢༠ འདི་འབདཝ་ད་ཁོང་ཚུ་རྨགཔ་དང་ཁ་འབྱལ་བའི་དུས་ལུ་བབས་འོང་། ཉིམ་དེ་བསྒང་ཁོང་ཚུ་སྨྱུང་གནས་སྲུང་འོང་།། ༢༡ ག་གིས་ཡང་བགོ་ལ་རྙིངམ་ལུ་ལྷནཔ་གསརཔ་མི་བཏབ། བཏབ་དི་འབད་བ་ཅིན་ལྷན་པ་དི་གྱིས་དགོ་ལ་ཧྲལ་ཏེ་མེདཔ་བཏང་འོང་།། ༢༢ ག་གིས་ཡང་ཤེལ་དམ་རྙིངམ་ནང་རྒུན་ཆང་གསརཔ་མི་བླུག། དེ་མིན་རྒུན་ཆང་ཕྱི་འབོ་དི་ཤེལ་དམ་དཀྲུམ་འོང་། རྒུན་ཆང་གསརཔ་དི་ཤེལ་དམ་གསརཔ་ནང་བླུག་དགོ་ཟེར་གསུངས་ནུག།།
དམ་པའི་ངལ་གསོའི་གཙོ་བོ།
༢༣ དེ་བསྒང་ཡེ་ཤུ་དུས་བཟང་ངལ་གསོ་ལུ་དཀར་ཞིང་བར་ནང་ལས་འབྱོནམ་ད་ལུ། ཁོའི་སློབ་མ་ཚུ་ལྟོཝ་བཀྱེས་དི་དཀར་གྱིས་ཧིང་འགུ་ཚུ་བཏོགས་བཟའ་ནུག།། ༢༤ ཕ་རུ་ཤི་པ་ཚུ་གྱིས་ཁོ་ལུ། དམ་པའི་ངལ་གསོ་ལུ་ཁྱོད་ཀྱིས་སློབ་མ་ཚུ་གྱིས་འབད་མ་རུང་བའི་ལཱ་དི་འབདཝ་མས་ཟེར་ཞུཝ་ད་ལུ།། ༢༥ ཡེ་ཤུ་གྱིས་ཁོང་ལུ། ད་འུད་དང་ཁོའི་མཉམ་ཡོད་མི་ཚུ་ག་ར་ལྟོཝ་བཀྱེས་འབདཝ་ད། ག་ཅིས་འབད་ཡོདཔ་གྱེད་ཚུ་གྱིས་མ་ལྷག་གམ།། ༢༦ བླ་ཆེན་ཨབ་བི་ཐར་སྐབས་ལུ། ཁོ་གྱིས་དཀོན་མཆོག་གིས་མཆོད་ཁང་ནང་འཛུལ་ཞིནམ་ལས། བླམ་ཚུ་གྱིས་མ་གཏོགས་བཟའ་མ་མཆོག་པའི་ཞལ་ཟས་ཚུ་འཐུ་བཟའ་ཡོདཔ་མ་ཚད། ཁོ་དང་མཉམ་ཡོད་མི་ཚུ་ལུ་ཡང་འབྱིན་ནུག།། ༢༧ ཡེ་ཤུ་གྱིས་ཁོང་ལུ། མི་དེ་དུས་བཟང་ངལ་གསོ་དོན་ལུ་བཟོ་བཟོཝ་མིན། དུས་བཟང་ངལ་གསོ་དི་མིའི་དོན་ལུ་བཟོ་བཟོཝ་ཨིན།། ༢༨ འདི་འབདཝ་ལས་མིའི་བུ་དི་དུས་བཟང་ངལ་གསོའི་གཙོ་བོ་ཨིན་ཟེར་གསུངས་ནུག།།
མི་གཅིག་བསྐམས་ནད་ལས་གསོ་བར་མཛད་ཡོདཔ།
༄༅།། ད་རུང་ཡེ་ཤུ་འདུ་ཁང་ནང་ལུ་ཕེབས་ནུག།དེ་ཁར་མི་གཅིག་ལགཔ་བསྐམས་ནད་ཟུན་ཏི་ཡོདཔ་ཨིན་པས།། ༢ མི་ཚུ་གྱིས་ཁོ་ལུ་ཏེད་བཏགས་འཚོལ་ནི་སྦེ། ཁོ་གྱིས་དུས་བཟང་ངལ་གསོ་ལུ་ནད་ཞི་དེ་གསོ་མི་གསོ་བལྟ་སྡོད་ནུག།། ༣ ཁོ་གྱིས་ལགཔ་སྐམས་ནད་ཡོད་མི་དེ་ལུ། གདོང་ཁར་ཤོག་ཟེར་བཀའ་གནང་ཞིནམ་ད།། ༤ ཁོ་གྱིས་ཁོང་ཚུ་ལུ། དུས་བཟང་ངལ་གསོ་ལུ་ལེགས་ཤོམ་ཡང་ཅིན་ངན་པ་འབད་མཆོག་གམ་མི་མཆོག། སྲོག་སྐྱབས་འབད་ནི་དང་སྲོག་གཅོད་འབད་མཆོག་གམ་མི་མཆོག་ཟེར་གསུངས་རུང་། ཁོང་ཚུ་ཁ་བཙུམ་སྡོད་ནུག།། ༥ ཁོ་གྱིས་ཁོང་ཚུ་ལུ་ཁྲོཝ་སྦེ་གཟིགས་སྟི། ཁོང་གིས་སེམས་ཚུ་ས་ཀྲག་ཡོདཔ་ལས་ཐག་སྡུག་སྟི་སྦེ། ཁོ་གྱིས་མི་དེ་ལུ་ལགཔ་བརྐྱང་ཟེར་གསུངས་ཞིནམ་ད། མི་དེ་གྱིས་ལགཔ་བརྐྱངས་པའི་སྐབས་ཁོའི་ལགཔ་ཨ་རྟགས་ག་བཟུམ་ལུ་སྦེ་དྲག་ནུག།། ༦ ཕ་རུ་ཤི་པ་ཚུ་དེ་ཕྲལ་ལས་ཕྱི་འཐོན་སོངས་ཞིནམ་ད། ཧེ་རོ་དེའི་མི་ཚུ་མཉམ་ཁོ་ག་དེ་སྦེ་བཀྲོང་ནིའི་བསྟུན་གྲོས་འབད་ནུག།། ༧ ཡེ་ཤུ་སློབ་མི་ཚུ་མཉམ་རྒྱ་མཚོ་ཡོད་སར་ཕེབས་ད། གཱ་ལི་ལི་དང་ཡ་ཧུ་དཱ་ལས་མི་སྤུངས་ཚོགས་སྦེ་ཁོའི་ཤུལ་བརྡའ་འོངས་ནུག།། ༨ ཁོའི་མཛད་པ་ཚུ་རྣཝ་གོ་དི་ལ་ལུ་ཡེ་རུ་ཤ་ལེམ་དང་། ཨི་དུ་མེ་ཡང་། ཇོར་དཱན་གྱིས་ཕར་ཁ་དང་། ཀྲ་ཡེར་དང་སི་དོན་ལས་མི་ཚོགས་སྦོམ་ཁོའི་སྐུ་མདུན་ལུ་འོངས་ནུག།། ༩ ཁོ་གྱིས་སློབ་མ་ཚུ་ལུ་། མི་ཚོགས་ཚུའི་སྦུག་ནང་མི་བཙིར་བའི་ཐབས་ལུ། གྲུ་ཆུང་ཀུ་གཅིག་ཁོའི་དོན་ལུ་བཞག་ཟེར་གསུངས་ནུག།། ༡༠ མི་ལེ་ཤ་ནད་ལས་གསོ་གནང་ནུག། ནདཔ་ཡོད་ཚད་ཅིགཔ་གེ་ར་གྱིས་ཁོའི་སྐུ་གཟུགས་ལུ་བརྡོ་ནི་དོན་ལས་ཕུད་བཀོག་དོ་ཡོདཔ་ཨིན་པས།། ༡༡ གདོན་གེགས་ཚུ་གྱིས་ཁོ་མཇལཝ་ཙམ་ཅིག་གཟུགས་ས་ཁར་བརྡབས་སྟི་སྐད་སྦོམ་བཏོན་དི། ཁྱོད་དཀོན་མཆོག་གི་སྲས་ཨིན་པས་ཟེར་ཞུ་ནུག།། ༡༢ ཁོ་གྱིས་ཁོང་ཚུ་ལུ་མི་ཚུའི་གདོང་ཁར་ཁོའི་སྐོར་ལས་མ་ཤེསཔ་སྦེ་དྲན་བསྐུལ་མཛད་ནུག།།
ཡེ་ཤུ་གྱིས་སློབ་མ་བཅུ་གཞིས།
༡༣ ཁོ་གཅིག་ལུ་ཕེབས་ཞིནམ་ད། ཁོ་རའི་ཐུགས་མཉེས་མི་ཚུ་འབོ་ཞིནམ་ལས། ཁོང་ཚུ་ཁོའི་སྐུ་མདུན་ལུ་འོངས་ནུག།། ༡༤ ཁོ་གྱིས་ཁོང་བཅུ་གཉིསཔ་དེ་ཁོ་མཉམ་སྡོད་ནི་དང་ཆོས་བཤད་ནི་སྦེ་བསྐེས་ནུག།། ༡༥ ཁོང་གིས ནདཔ་ཚུ་དྲག་ཚུགས་ནི་དང་བདུད་ཚུ་བཏུལ་ནིའི་སྟོབས་དབང་ཚུ་གནང་ནུག།། ༡༦ ཁོ་གྱིས་པི་ཏྲོ་མིང་བཏགས་མི་སི་མོན་དང་།། ༡༧ ཛེབ་ཨི་གྲིའི་བུ་གཉིས་བོ་ཨ་ནེར་གེས་ཟེར་མི་འབྲུག་གིས་བུ་ཚུ་མིང་བཏགས་ཡོད་པའི་ཡ་ཀོབ་དང་ཁོའི་ནུ་གཅུང་ཡོ་ཧ་ནན་དང་། ༡༨ ཨེན་གྲིའུ། ཕི་ལིབ། བར་ཐོ་ལོ་མི། མད་ཐིའུ། ཐོ་མཱས་ ཨལ་ཕའི་བུ་ཡ་ཀོབ། ཐཱ་དི་ཡས། བརྩོན་འགྲུས་པ་སི་མོན་དང་།། ༡༩ ཁོ་ལུ་འབྱིད་བསྐོར་བརྐྱབ་མི་ཡུ་དཱས་ཨིས་ཀར་ཡོད་བཅུ་གཉིསཔོ་ཚུ་ཨིན། དེ་ལས་ཁོང་ཚུ་ཁྱིམ་གཅིག་ནང་འབྱོན་ནུག།།
མཁན་པོ་ཚུ་གྱིས་དད་པ་ལོགཔ།
༢༠ ད་རུང་མི་སྤུངས་ཚོགས་ཚུ་སྤུང་འོབམ་ལས། ཁོང་ཚུ་གསོལཝ་བཞེས་མ་ཚུགས་པས།། ༢༡ ཁོ་རའི་སྐུ་ཉེཝ་ཚུ་གྱིས་རྣཝ་གོ་ཞིནམ་ད། ཡེ་ཤུ་མཆོལ་ལོང་ཡར་སོ་ནུག་མནོ་ཞིནམ་ལས། ཁོ་གཟུང་བར་འོངས་ནུག།། ༢༢ ཡེ་རུ་ཤ་ལེམ་ལས་འོངས་མི་མཁན་པོ་ཚུ་གྱིས། ཁོའི་ནང་ན་བྷེལ་ཛི་བུབ་ཡོདཔ་ལས། བདུད་ཀྱིས་སྲས་ཀྱིས་བདུད་བཏུལ་དོ་ཨིན་པས་ཟེར་སླབས་ནུག།། ༢༣ ཁོང་ཚུ་འབོ་ཞིནམ་ད་དཔེ་གཏམ་སྒོ་ལས་སྦེ། ག་དེ་སྦེ་སྦེ་བདུད་ཀྱིས་བདུད་བརྡའ་བཏང་ཚུགསཔ་ཟེར་གསུངས་ནུག། ༢༤ ག་དེམ་ཅིསའབད་རྒྱལ་ཁབ་གཅིག་མ་མཐུན་པ་ཡོད་པ་ཅིན་ཡུན་མི་རིང་།། ༢༥ དེ་ལས་ག་དེམ་ཅིས་འཱབད་ཁྱིམ་གཅིག་ནང་མ་མཐུན་པ་འབྱུང་བ་ཅིན་ཁྱིམ་དི་གཅིག་ཁར་གནས་མི་ཚུགས།། ༢༦ བདུད་ཀྱིས་ཁོ་རང་ལུ་ཁོ་རའི་དགྲ་ལངསདི་མ་མཐུན་པ་འབད་བ་ཅིན། ཁོ་ལོང་མ་ཚུགས་པར་མཇུག་བསྡུ་འོང་།། ༢༧ མི་གིས་ཡང་སྟོབས་ཤུག་ཡོད་མི་གཅིག་གིས ཁྱིམ་ནང་འཛུལ་ཞིནམ་ལས་ཁོའི་རྒྱུ་ཅ་ལ་ཕྲོག་བཅོམ་འབད་མི་ཚུགས། ཧེ་མ་ར་སྟོབས་ཤུགས་ཅན་དེ་བཅིངས་བཞག་ཞིནམ་ལས་འགལ་ཁོའི་ཁྱིམ་ནང་བཅོམ་ཚུགས་འོང་།།
དགོངས་ཡངས་མེད་པའི་སྡིག་པ།
༢༨ ང་གིས་ཁྱེད་ལུ་བདེན་པ་སྦེ་སླབས་ཨིན། མིའི་སྡིག་པ་གེ་ར་སྐུརགཔ་ག་དེ་བཟུམ་བཏབ་རུང་དེ་ཚུ་འདག་ཚུགས།། ༢༩ འདི་འབདཝ་ད་ག་གིས་དམ་པའི་ཐུགས་ཉིད་ལུ་སྐུར་པ་བཏབ་པ་ཅིན་ནམ་ཡང་སྡིག་པ་མི་འདག་པར་རྒྱུན་ཆད་མེད་པའི་ཉེས་ཆད་ཕོགཔ་ཨིན་ཟེར་གསུངས་ནུག།། ༣༠ ག་ཅིསམ་ཟེརན་ཁོང་ཚུ་གྱིས་ཁོའི་ནང་ན་ལུ་བདུད་འདུག་ཟེར་སླབས་བརྟེན་དི་གསུངས་གསུངམ་ཨའིན་པས།།
ཡེ་ཤུའི་ཡུམ་དང་སྤུན་ཆ།
༣༡ ཁོའི་ཡུམ་དང་ཁོའི་ནོ་གཅུང་ཚུ་ལྷོད་ཞིནམ་ད། ཕྱི་ཁར་ལོངས་ཡོདཔ་སྐོར་ལས་ཁོང་ཚུ་གྱིས་ཁོ་ལུ་ཞུ་བར་གཏང་ནུག།། ༣༢ ཁོའི་མཐའ་སྐོར་ལུ་སྤུངས་ཡོད་ཕའི་མི་ཚུགས་ཚུ་གྱིས་ཁོ་ལུ། ཁྱོད་རའི་ཡུམ་དང་ནུ་གཅུང་ཚུ་ཁྱོད་མཇལ་ནི་སྦེ་ཕྱི་ཁར་འདུག་ཟེར་ཞུཝ་ད།། ༣༣ ཡེ་ཤུ་གྱིས་ཁོང་ལུ། ངི་གིས་ཨའི་དང་ནུ་གཅུང་ཚུ་ག་ཨིན་ན་གསུངས་ནུག།། ༣༤ ཁོའི་མཐའ་སྐོར་སྡོད་མི་ཚུ་ལུ་གཟིགས་ཞིནམ་ད་ཁོང་ལུ། འདི་ཁར་ཡོད་པའི་ངི་ཨའི་དང་ནོ་གཅུང་ཚུ་ཨིན།། ༣༥ ག་ཅིསམ་ཟེརན་ག་གིས་ཨིན་རུང་དཀོན་མཆོག་གིས་ཐུགས་འདོད་བཞིན་དུ་སྒྲུབས་མི་ཚུ་ངི་གིས་ཕོ་སྤུན་དང་། མོ་སྤུན་དང་། ཨའི་ཨིན་ཟེར་གསུངས་ནུག།།
ཞིང་སོན་གྱིས་དཔེ་གཏམ།
༄༅།། ཡེ་ཤུ་གྱིས་རྒྱ་མཚོ་འི་མཐའ་མར་ད་རུང་ཆོས་གནངམ་ད་མི་ལེ་ཤ་སྤུངས་དི་འོངམ་ལས། ཁོ་གྲུ་གཅིག་ནང་འཛུལ་སྟི་རྒྱ་མཚོའི་འགུ་ལུ་བཞུགསཔ་ད། མི་ཚོགས་དེ་ཚུ་རྒྱ་མཚོ་མཐའ་མར་སྡོད་ནུག།། ༢ དཔེ་གཏམ་ལས་སྦེ་ཡེ་ཤུ་གྱིས་འདམས་ངག་ལེ་ཤ་གནང་དི། ཁོང་ཚུ་ལུ་དེ་སྦེ་གསུངས་ནུག།། ༣ ཉན་སྨ་རེ། སོ་ནམ་པ་གཅིག་ཞིང་ནང་སོན་བཏབ་པར་སོངས་ནུག།། ༤ ཁོ་གྱིས་སོན་གཏོརཝ་ད་ལུ། སོན་ལ་ལུ་གཅིག་ལམ་ཁར་བུདཝ་ལས། གནམ་མཁར་གྱིས་བྱ་འོངས་དི་འཐུ་བཟའ་ནུག།། ༥ གསོན་ལ་ལུ་གཅིག་ས་ལེ་ཤ་མེད་པའི་རྡོ་སྐམ་འགུ་བུད་དི། ས་གཏིང་མེདཔ་ལས་སྐྱེས་ཏི་འབད་རུང་།། ༦ ཉིམ་ཤརཝ་ད་ཉིམ་གྱིས་ཚེག་སྟི་རྩ་བར་ལས་སྐམས་སོ་ནུག།། ༧ དེ་ལས་གསོན་ལ་ལུ་གཅིག་རྩང་ནང་ལུ་བུད་དི། རྩང་གྱིས་གཡེབ་བཞག་སྟི་འབྲས་བུ་མ་བཏགས་པས།། ༨ དེ་ལས་སོན་གཞན་ཚུ་ས་ལེགས་ཤོམ་འགུ་བུད་དི། འབྲས་བུ་འཚོ་ཞིནམ་ལས། ལ་ལུ་གྱིས་འབྲས་བུ་གསུམ་བཅུ་འགྱུར། ལ་ལུ་གྱིས་དྲུག་བཅུ་འབྱུར། ལ་ལུ་གྱིས་བརྒྱ་ཐམ་པ་འབྱུར་ནུག།། ༩ ཡེ་ཤུ་གྱིས་ཁོང་ལུ། ཁོ་ག་ལུ་ཉན་ནི་རྣམ་ཅོག་ཡོད་མི་དི་ཉན་བཅུག་ཟེར་གསུངས་ནུག།། ༡༠ ཁོ་རང་གཅིག་བཞུགསཔ་ད་ལུ། ཁོའི་མཐའ་སྐོར་ལུ་ཡོད་མི་དང་ཁོང་སློབ་མ་བཅུ་གཉིསཔ་དེ་གྱིས། དཔེ་གཏམ་དེའི་དོན་ད་གསུངས་གནང་ཟེར་ཞུཝ་ད།། ༡༡ ཡེ་ཤུ་གྱིས་ཁོང་ཚུ་ལུ། ཁྱེད་ལུ་དཀོན་མཆོག་གིས་རྒྱལ་སྲིད་མངོ་མཚར་ཅན་ཚུ་གནང་དི་ཡོད་རུང་ཁོང་ལུ་མ་གནང་། ཁོང་ཚུ་ག་ར་ལུ་དཔེ་གཏམ་ལས་འབྱུང་འབྱུངམ་ཨིན།། ༡༢ ཁོང་གྱིས་བལྟ་རུང་མི་མཐོང་། ཁོང་གྱིས་ཉན་རུང་ཧ་མེ་གོ། འདི་འབདཝ་ད་ཁོང་གྱིས་སེམས་འབྱུར་བ་ཅིན་སྡིག་པ་ཡང་འདག་ཚུགས་ཟེར་གསུངས་ནུག།། ༡༣ ཡེ་ཤུ་གྱིས་ཁོང་ལུ། ཁྱེད་ཀྱིས་དཔེ་གཏམ་དི་མ་གོ་བ་ཅིན། དཔེ་གཏམ་གཞན་ཚུ་གེ་ར་ག་དེ་སྦེ་ཧ་གོ་ནི།། ༡༤ སོན་བཏབ་བི་དེ་གྱིས་གསུངས་ཚུ་བཏབ་ནུག།། ༡༥ ལམ་ཁར་ལུ་འབུད་ཡོད་པའི་སོན་ཚུ། གསུངས་ཚུ་རྣཝ་གོ་དི་འབད་རུང་བདུད་འོངས་ཏེ། ཁོང་གིས་སེམས་ནང་བཏབ་བཞག་པི་གསུངས་ཚུ་འཕྱོག་སྦག་ནུག།། ༡༦ འདི་བཟུམ་རྡོ་སྐམས་འགུ་བཏབ་པའི་སོན་ཚུ་གསུངས་རྣཝ་གོ་ཞིནམམ་ད་དེ་ཕྲལ་ལས་སེམས་ཁར་འབབ་རུང་།། ༡༧ རང་གིས་ནང་ན་རྩ་བ་མེདཔ་ལས་། དུས་ཡུན་ཨ་རྩ་གནས་ཡོདཔ་འབད་རུང་དེ་རྟིང་ལས་གསུངས་དེའི་དོན་ལུ་སྔུག་བསྔལ་དང་གནོད་ཚེར་འབྱུངམ་ཅིས་དད་པ་ཉམས་མི་དེ་ཨིན།། ༡༨ རྩང་ནང་བཏབ་ཡོད་མི་ཚུ། གསུངས་ཚུ་རྣཝ་གོ་རུང་།། ༡༩ འ་ཛམ་གླིང་གྱིས་བག་ཆགས་དང་རྒྱུ་ནོར་གྱིས་འདོད་པ་ལུ་རྟེན་གསུངས་དི་མནན་བཞག་ཞིནམ་ད། འབྲས་བུ་བཏགས་མ་ཚུགསཔ་ཚུ་ཨིན།། ༢༠ དེ་ལས་ས་ལེགས་ཤོམ་འགུ་བུད་མི་སོན་དི། ག་གིས་ཡང་གསུངས་དི་ཉན་ཞིནམ་ད་ཧ་གོཝ་ལས། འབྲས་བུ་ཡང་བཏགས་ཏི། ལ་ལུ་འབྲས་བུ་གསུམ་བཅུ་ཐམ་པ། ལ་ལུ་དྲུག་བཅུ། ལ་ལུ་བརྒྱ་ཐམ་པ་འབྱུང་མི་དེ་ཨིན་ཟེར་གསུངས་ནུག།།
འབོ་འོག་གིས་མར་མེ།
༢༡ ཡེ་ཤུ་གྱིས་ཁོང་ལུ། མར་མེ་འ་དི འབོ་འོག་ལུ་ཡང་ཅིན་ཉལ་ཁྲིའི་འོག་ལུ་བཞག་ནི་དོན་ལས་སྦག་འགྱོ་འོང་གམ། མེ་སྟེགས་འགུ་བཞག་ནི་དོན་ལས་མི་སྦག་ཡ།། ༢༢ ག་ཅིསམ་ཟེརན་མངོན་གསལ་ལུ་མ་སྟོན་པར་ག་ཅིས་ཡང་སྦ་བཞག་ས་མེད། ཡང་ཅིན་མངོན་གསུམ་ལུ་མ་འབྱུང་པར་ག་ཅིས་ཡང་གསང་བཞག་ས་མེད། དེ་ཚུ་མེའི་མདངས་ནང་འབྱུང་དགོ།། ༢༣ མི་ག་ལུ་ཉན་ནི་རྣམ་ཅོག་ཡོད་མི་དེ། ཁོབ་རང་ཉན་བཅུག་ཟེར་གསུངས་ནུག།། ༢༤ ཁོ་གྱིས་ཁོང་ལུ། ཁྱེད་ག་ཅིས་ཉན་ཡོདཔ་དི་སེམས་ཁར་བཞག། ཁྱེད་ཀྱིས་ཚད་གཅིག་ལས་མ་འཇལ་བ་ཅིན1 ཁྱོད་ལུ་ཡང་ཚད་གཅིག་ལས་མི་འཇལ། ཁྱེད་རྣཝ་གོ་མི་ལུ་མང་སུ་འབྱིན་འོང་།། ༢༥ ག་ཅིསམ་ཟེརན་ཁོ་ཡོད་མི་དེ་ལུ་ཧེང་བཀལ་ཐོབ་འོང་། ཁོ་མེད་མི་དེ་ལུ་ཁོའི་ནང་ག་ཅིས་ཡོདཔ་དེ་ཡང་འཕྱོག་སྦག་འགྱོ་འོང་ཟེར་གསུངས་ནུག།།
སོན་སྐྱེས་བའི་ད་པེ་ཏམ།
༢༦ ཁོ་གྱིས་དཀོན་མཆོག་གིས་རྒྱལ་སྲིད་དེ། མི་གཅིག་གིས་ས་ཁར་སོན་གཏོར་གཏོརཝ་བཟུམ་ཅིས་དང་འདྲ།། ༢༧ མི་དེ་ཉལ་ནུབ་མོ་ཉལ། ཉི་མ་ལོངས་རུང་། ཉིན་མཚན་མེད་པར་སོན་དི་སྐྱེས་ཞིནམ་ལས་ག་དེ་སྦེ་སྦོམ་རུང་ཁོ་གྱིས་མི་ཤེས།། ༢༨ ས་གཞི་དེ་གྱིས་རང་བཞིན་གྱིས་འབྲས་བུ་སྨིན་དི། ཧེ་མ་ལྕུག་འགུ་བཏགས། དེ་ལས་ཧིང་འགུ། འདི་ཤུལ་ལས་ཧིང་འགུ་ནང་ལས་འབྱུ་གང་འོང་།། ༢༩ འབྲས་བུ་སྨིན་པའི་བསྒང་ལས། སྟོན་ཐོག་བརྔ་རན་ནུག་ཟེར་དེ་ཕྲལ་ལས་ཁོ་གྱིས་ཟེརཝ་བཙུགས་བརྔ་འོང་ཟེར་གསུངས་ནུག།། ༣༠ ཁོ་གྱིས་ང་བཅས་རའི་དཀོན་མཆོག་གིས་རྒྱལ་སྲིད་དི། ག་ཅིས་ལུ་ཆ་བཞག་ནི་འབད་བ་ཅིན། ༣༡ དཔེར་ན་པེ་ཀར་སོན་གཅིག་ས་ཁར་བཏབ་དི་ས་གཞིའི་སོན་གེ་ར་ལས་ཆུང་འབད་རུང་། ༣༢ སྐྱེས་དི་འགྱོ་བའི་བསྒང་ལས། ཧོན་ཚོད་གེ་ར་ལས་སྦོམ་འདི་ཤིང་ལུ་འགྱུརཝ་ཨིན། དེ་ལས་གནམ་མཁའི་བྱ་ཚུ་འོངས་དི། གཞལ་ལག་འགུ་བྱ་ཚང་བཇོ་སྟི་སྡོད་འོང་ཟེར་གསུངས་ནུག།། ༣༣ འདི་བཟུམ་དཔྱེ་གཏམ་ལེ་ཤ་ཁོ་གྱིས་ཁོང་ཚུ་ཧ་གོ་ནིའི་ཐབས་ལུ་ཆོས་ཚུ་གསུངས་ནུག།། ༣༤ དཔྱེ་གཏམ་མེད་པ་ག་ཅིས་ཡང་མ་གསུངས་རུང་། ཁོང་རང་རྐྱངམ་གཅིག་བཞུགསཔ་ད་ལུ་ཁོའི་སློབ་མ་ཚུ་ལུ་བཤད་གནང་ནུག།།
རྒྱ་མཚོ་ཞི་བར་འཇོམས་གནངམ།
༣༥ དེ་ཚེས་ཉིམ་ཕྱི་རུ་གནམ་སྲོབ་ད་ལུ། ང་བཅས་ར་རྒྱ་མཚོ་ཕར་ཁ་འགྱོ་གེ་ཟེར་ཡེ་ཤུ་གྱིས་སློབ་མ་ཚུ་ལུ་བཀའ་གནང་ནུག།། ༣༦ མི་སྤུངས་ཡོད་མི་ཚུ་ལོག་གཏང་ཞིནམ་ད། ཁོང་ཚུ་གྱིས་ཁོ་གྲུའི་ནང་གདེན་དྲན་ཞུ་ནུག། ཁོང་མཉམ་གྲུ་ཆུང་ཀུ་གཞན་ཚུ་ཡང་ཡོདཔ་ཨིན་པས།། ༣༧ རླུང་ཚུབ་སྦོམ་ལངས་ཞིནམ་ལས། གྲུ་ནང་ཆུ་གང་ནི་བཟུམ་རྦ་ཆབས་འཁོལ་ནུག།། ༣༨ ཁོ་གྲུའི་མཟུག་ལུ་སྐུ་ཧང་བཙུགས་ཏི་མནལ་གཟིམ་བཞུགས་ཡོདཔ་མས། སློབ་མ་ཚུ་གྱིས་མནལ་གཀྲོགས་དི་ཁོ་ལུ། སློབ་དཔོན་ལགས། སྐྱབས་མཛད་གནང་ང་བཅས་ཤི་ནི་ཨིན་པས་ཟེར་ཞུཝ་ད།། ༣༩ མནལ་ཚོར་དི་ཡར་བཞེངས་ཞིནམ་ལས་རླུང་ལུ་འཚོགས་བརྡ་གནང་སྟི། རྒྱ་མཚོ་དེ་ཞི་བདེ་བར་འགྱུར་ཅིག་ཟེར་བཀའ་གནངམ་ཅིས་རླང་ཚུབ་བཀག་དི་ཞི་བར་འཇོམས་སོ་ནུག།། ༤༠ འདི་འབདཝ་ད་ཡེ་ཤུ་གྱིས་ཁོང་སློབ་མ་ཚུ་ལུ། ཁྱེད་ག་ཅིས་ལུ་འདྲོག་པ། ཁྱེད་ལུ་ག་དེ་སྦེ་དད་པ་མེདཔ་སྨོ་ཟེར་གསུངས་ནུག། ༤༡ ཁོང་ཚུ་ག་ཅིས་དེ་འདྲོག་སྟི་གཅིག་གིས་གཅིག་ལུ། འདི་ག་ཨིན་ན། རླུང་དང་རྒྱ་མཚོ་གྱིས་ཡང་ཁོའི་བཀའ་ལུ་ཉན་པས་ཟེར་སླབས་ནུག།།
མཆོལ་ལོང་དྲག་གནངམ།
༄༅།། ཁོང་ཚུ་རྒྱ་མཚོ་ཕར་ཁ་ལུ་ལུངམ་ཕྱོགས་གིད་ད་རེན་ཟེར་ས་ལུ་ཕེབས་ནུག།། ༢ ཡེ་ཤུ་གྲུ་ནང་ལས་ཕྱི་མཐོན་འབྱོནམ་ད་ལུ། དེ་ཕྲལ་ལས་གདོན་གས་འཛུལ་བའི་མི་གཅིག་དར་ཁྲོད་ལས་ཁོ་དང་མཇལ་ནུག།། ༣ ཁོ་དུར་ཁྲོད་ལུ་སྡོད་ནི་དེ་གྱིས། ག་གིས་ཡང་ལྕགས་ཐགས་ཀྱིས་མི་དེ་བསྡུམ་མ་ཚུགས་པར་ཡོདཔ་ཨིན་པས།། ༤ ག་ཅིསམ་ཟེརན་ཚར་ལེ་ཤ་ཅིས་ར་རྐངཔ་དང་ལགཔ་འགུ་ལྕགས་བཀལ་རུང་ལྕགས་ཐགས་ཚུ་བཏོགས་གཏང་དི། ག་གིས་ཡང་ཁོ་བཧུལ་མ་ཚུགས་པར་ཡོདཔ་ཨིན་པས།། ༥ ཉིམ་ནུམ་མེད་པར་དུར་ཁྲོད་དང་རི་ཁར་ལུ་སྐད་བརྐྱབས་ཞིནམ་ད། ཁོ་གྱིས་ཁོ་རང་འགུ་རྡོ་གྱིས་མ་བཏོན་དི་ཡོདཔ་མས།། ༦ ཁོ་གྱིས་ཐག་རིང་སར་ལས་ཡེ་ཤུ་མཇལཝ་ཅིས། རྒྱུགས་འོངས་ཞིནམ་ད་ཁོ་ལུ་ཕྱག་འཚལ་ཞིནམ་ལས།། ༧ སྐད་སྦོམ་བརྐྱབས་ཏེ། ཡེ་ཤུ་། ཁྱོད་བླ་ན་མེད་པའི་དཀོན་མཆོག་གིས་སྲས། ང་ཁྱོད་དང་མཉམ་ག་ཅིས་འབད་ནི་ཡོདཔ། ང་གིས་ཁྱོད་ལུ་དཀོན་མཆོག་མནའ་འབོཔ་ཨིན། ང་ལུ་ཁྱོད་ཀྱིས་ཚར་མ་གཅད་ཟེར་ཞུ་ནུག།། ༨ ག་ཅིསམ་ཟེརན་ཡེ་ཤུ་གྱིས། གདོན་བགེགས་ཁྱོད། མི་དིའི་ནང་ལས་ཕྱི་མཐོན་ཤོག་ཟེར་བཀའ་གནང་གནངམ་ཨིན་པས།། ༩ དེ་ལས་ཁོ་ལུ། ཁྱོད་མིང་ག་ཅིས་སླབས་སྨོ་ཟེར་འདྲི་བ་གནངམ་ད་ལུ། ཁོ་གྱིས་ང་བཅས་ལེ་ཤ་ཡོདཔ་ལས་ངི་མིང་དམག་དཔུང་ཨ་ན་ཟེར་ཞུ་ནུག།། ༡༠ འདི་མ་ཚད་ལུངམ་ཕྱོགས་དེ་ཁར་ལས་ཁོ་ཕྱི་བཏོན་མ་གཏང་ཟེར་ཁོ་གྱིས་ཡེ་ཤུ་ལུ་ག་ཅིས་དེ་གསོལཝ་བཏབ་ནུག།། ༡༡ ས་ཆ་དེའི་རི་སྦོ་ལོག་ཁར་ཕགཔ་ལེ་ཤ་གསོ་སྐྱོངས་འབད་ཡོདཔ་ཨིན་པས།། ༡༢ གདོན་ཚུ་ག་ར་གྱིས་ང་བཅས་ཕགཔ་ཚུའི་ནང་ན་འཛུལ་ནེ་སྦེ་གཏང་གནང་ཟེར་ཁོ་ལུ་གསོལཝ་བཏབ་ད་ལུ།། ༡༣ དེ་ཕྲལ་ལས་ཡེ་ཤུ་གྱིས་གནང་བ་གནང་པའི་ཚེས། གདོན་ཚུ་ག་ར་ཕྱི་འཐོན་དི། ཕགཔ་གྱིས་ནང་ན་འཛུལ་ཞིནམ་ད། ཧེ་མ་ལས་ཕགཔ་སྟོང་ཕྲག་གཉིས་དེ་ཅིས་ཡོད་པའི་རུ་ཁག་ཚུ་གྱེན་གཟར་དྲགས་འགུ་ལས་མར་བལྟ་ཤུགས་ཅན་རྒྱུགས་དི་རྒྱ་མཚོ་ནང་ལྷུངས་དི་ཤི་སོ་ནུག།། ༡༤ ཕག་རྫིབ་ཚུ་འབྱོག་དི་གྲོང་འཁྱེར་ནང་སོངས་ཞིནམ་ད་གནས་ཚུལ་ཚུ་བཤདཔ་ད་ལུ། ག་ཅིས་འབྱུང་འབྱུངམ་ཨིན་མི་ཚུ་བལྟ་བར་འོངས་ནུག།། ༡༥ ཡེ་ཤུའི་སྐུ་མདུན་ལུ་ཁོང་མི་ཚུ་ལྷོད་ཞིནམ་ལས། གདོན་འཛུལ་བའི་དམག་དཔུང་མི་དེ། བགོ་ལ་གྱོན། དྲན་པ་གསལ་ཏོག་ཏོ་སྦེ་སྡོད་ཡོདཔ་མཐོང་དི་ཁོང་ཚུ་འདྲོག་ནུག།། ༡༦ མཛད་པ་གེ་ར་མཐོང་མི་ཚུ་གྱིས་ཁོང་ལུ་གདོན་འཛུལ་བའི་མི་དེ་དང་ཕགཔ་ཚུ་ག་དེ་སྦེ་འབྱུང་ཨོདཔ་སྐོར་ལས་བཤད་ནུག། ༡༧ ཁོང་ཚུ་གྱིས་ཁོ་ལུ་ལུངམ་ཕྱོགས་འདི་ནང་མ་བཞུགས་པར་འབྱོན་སོ་ཟེར་ཞུ་བར་འབད་ནུག།། ༡༨ ཡེ་ཤུ་འབྱོན་ནི་སྦེ་གྲུའི་ནང་ལུ་འཛུལཝ་ད་ལུ། གདོན་འཛུལ་དི་བྲག་ཡོད་པའི་མི་དེ་གྱིས་ཁོ་མཉམ་འགྱོ་ནི་སྦེ་གསོལཝ་བཏབ་རུང་།། ༡༩ ཡེ་ཤུ་གྱིས་མ་གསན་པར་ཁོ་ལུ། ཁྱོད་རའི་ལྷོ་ཚང་ཚུའི་ཁྱིམ་ནང་སོང་ཞིནམ་ད་ཁོང་ལུ། གཙོ་བོ་དཀོན་མཆོག་གིས་ཁྱོད་ལུ་ག་ཅིས་མཛད་ཡོདཔ་དང་། སྙིང་རྗེ་ག་དེ་སྦེ་མཛད་ཡོདཔ་སྐོར་ལས་ཁོང་ལུ་བཤད་འབྱིན་ཟེར་བཀའ་གནང་ནུག།། ༢༠ མི་དེ་སོངས་ཞིནམ་ད་དེ་ཀ་པོ་ལཱེས་ཡུལ་ལྗོངས་ཚུ་ནང་ཡེ་ཤུ་གྱིས་ཁོ་ལུ་མཛད་ཡོདཔ་ཚུ་བཤདཔ་ལས་མི་གེ་ར་ཡ་མཚན་ཆེ་ནུག།།
བུམོ་གཅིག་འཆི་བའི་སྲོག་ལས་ལྷོང་གནངམ་དང་ཨམ་སྲུ་གཅིག་ནད་ཞི་ལས་འགྲོལ་གནངམ།
༢༡ ཡེ་ཤུ་གྲུའི་ནང་ཕར་ཁ་འབྱོནམ་ད་ལུ། མི་ཚོགས་ལེ་ཤ་ཁོ་འབྱོན་སར་སྤུངས་འོངས་ནུག། དེ་ལས་ཁོ་རྒྱ་མཚོ་མཐའ་མར་བཞུགས་ཡོདཔ་ཨིན་པས།། ༢༢ དེ་བསྒང་འདུ་ཁང་གིས་དབུ་འཛིན་ཇའི་རཱས་ཟེར་མི་དེ་འོངས་ཞིནམ་ལས། ཁོ་མཇལཝ་ཅིས་ཞབས་རྩ་བར་ཕྱག་འཚལ་ཞིནམ་ད་ཁོ་ལུ། ༢༣ ངི་བུམོ་ཤི་ནི་འགུ་ཐུགས་ཡོད། ང་གྱིས་གསོལཝ་བཏབ་ཨིན། མོ་གསོནཔོ་སྦེ་སྡོད་ནིའི་ཐབས་ལུ། འབྱོན་ཞིནམ་ལས་མོའི་མགུ་ཏོ་འགུ་ཕྱག་དབང་གནང་བཀའ་དྲིན་སྐྱང་ཟེར་ཞུ་ནུག།། ༢༤ དེ་ལས་ཡེ་ཤུ་ཁོ་མཉམ་འབྱོནམ་ད། མི་ཚོགས་སྦོམ་ཁོའི་རྟིང་ཤུལ་འོངས་ནུག།། ༢༥ གཟུགས་ཁར་ལས་ཁྲག་འཛག་སྟི་ལོ་བཅུ་གཉིས་སོང་བའི་ཨམ་སྲུ་གཅིག། ༢༦ དྲུང་ཚོ་དང་སྨན་པ་མང་རབ་ལུ་བསྟན་རུང་མ་ཕན་པར་སྐྱིད་བསྡུག་ལེ་ཤ་སྲིད་ནུག། མོའི་རྒྱུ་ནོར་ག་ར་བཆག་རུང་མ་ཕན་པར་ཧེང་བཀལ་སྡུག་བསྔལ་མྱོངས་དི་ཡོདཔ་ཨིན་པས།། ༢༧ མོ་གྱིས་ཡེ་ཤུ་སྐོར་ལས་རྣཝ་གོ་ཞིནམ་ལས། མི་ཚོགས་ཀྱིས་སྦུག་ནང་ལས་ཁོའི་སྐུ་རྒྱབ་ལུ་འོངས་ཏེ། ཁོའི་ན་བཟའ་འགུ་མོ་གྱིས་ལགཔ་བསྡོ་ནུག།། ༢༨ ག་ཅིསམ་ཟེརན་མོའི་མནོ་བསམ་ལུ་ང་གིས་ཁོའི་ན་བཟའ་འགུ་བསྡོ་བ་ཅིན་ངི་ནད་ཞི་ཚུ་དྲག་འོང་ཟེར་མནོཝ་ཅིས།། ༢༩ དེ་ཕྲལ་ལས་མོའི་གཟུགས་ཁར་ལས་ཁྲག་ཆད་དི། མོ་རའི་ནད་ཞི་ལས་དྲག་ཡོདཔ་མོ་གྱིས་ཤེས་ནུག།། ༣༠ ཡེ་ཤུ་དེ་ཕྲལ་ལས་ཁོ་རའི་ནང་ན་ལས་ནུས་པ་ཕྱི་མཐོནམ་མཁྱེན་ཞིནམ་ལས། མི་ཚོགས་ལུ་ཞལ་བསྒྱིར་དི་ངི་བགོ་ལ་འགུ་ག་གིས་བསྡོ་ཡི་ཟེར་གསུངསམ་ད་ལུ།། ༣༡ ཁོའི་སློབ་མ་ཚུ་གྱིས་ཁོ་ལུ། ཁྱོད་རའི་གཟིགས་སར་ལུ་མི་ཚོགས་ཁྱོད་སྤུར་ཡོདཔ་ཞིན་དུ། ང་ལུ་ག་གིས་བསྡོ་ཡི་ཟེར་དེ་སྦེ་གསུངས་ནི་ཨིན་ན་ཟེར་ཞུཝ་ད།། ༣༢ ཁོ་ལུ་དེ་སྦེ་ལགཔ་བརྡོ་མི་ཨམ་སྲུ་དེ་ག་སྟི་ཡོདཔ་ཨིནམ་གཟིགས་ནུག། ༣༣ ཨམ་སྲུ་དེ་གྱིས་མོ་རང་ལུ་ག་ཅིས་འབྱུང་ཡོདཔ་ཚུ་ཤེས་ཡོདཔ་ལས། འདྲོག་པའི་རྐྱེན་གྱིས་ཁོའི་སྐུ་མདུན་ལུ་འོངས་ཏེ་ཁོ་ལུ་ཕྱག་འཚལ་ཞིནམ་ད། ག་ར་ཐྲངས་དི་ཁོ་ལུ་ཞུ་ནུག།། ༣༤ ཡེ་ཤུ་གྱིས་མོ་ལུ། བུ་མོ། ཁྱོད་རའི་དད་པ་གྱིས་ཁྱོད་དྲག་སོ་ཡི། ཞི་བདེ་བར་འགྱུར་ཞིནམ་ལས་སོང་། ཁྱོད་རའི་ནད་ཞི་ལས་འགྲོལ་བར་འགྱུར་ཅིག་གསུངས་ནུག།། ༣༥ ཁོ་གྱིས་དེ་སྦེ་གསུངས་བའི་བར་ནང་། འདུ་ཁང་གི་དབུ་འཛིན་ཁྱིམ་ལས་མི་གཅིག་འོངས་ཞིནམ་ལས། ཁྱོད་ཀྱིས་བུམོ་ཤི་སོ་ཡི། འདི་སློབ་དཔོན་སྐུ་འོ་བརྒྱལ་མ་བཅུག་ཟེར་སླབས་ད།། ༣༦ ཡེ་ཤུ་གྱིས་དེ་སྦེ་གསན་ཞིནམ་ད། དབུ་འཛིན་ལུ་མ་འདྲོག་པར་དད་པ་དེ་རང་སྐྱེད་ཟེར་གསུངས་ནུག།། ༣༧ དེ་ལས་པི་ཏྲོ་དང་ཡ་ཀོབ། ཡ་ཀོབ་ཀྱིས་ནུ་གཅུང་ཡོ་ཧ་ནན་ཁོང་གསུམ་ལས་མ་གཏོགས་པར། གཞན་གང་ཡང་ཁོ་མཉམ་འོང་ནི་བཀའ་མ་གནང་པས།། ༣༨ ཁོ་འདུ་ཁང་དབུ་འཛིན་གྱི་ཁྱིམ་ནང་ཕེབས་ད་ལུ། སྐད་སྦོམ་དང་། སྔུམིདང་། མྱ་ངན་འབད་ཡོདཔ་ཚུ་གཟིགས་ནུག།། ༣༩ ཁོ་ནང་ན་འབྱོན་ཞིནམ་ད་ཁོང་ལུ། ཁྱེད་ཚུ་ག་ཅིས་སྦེ་སྔུ་དི་མྱ་ངན་འབད་དགོཔ་སྨོ། བུམོ་འདི་མ་ཤི་བར་ཉལ་ཡོད་ཟེར་དེ་སྦེ་གསུངསམ་ད་ལུ།། ༤༠ ཁོང་ཚུ་གྱིས་ཁོ་ལུ་བགད་བྲོདི་སྣང་མེད་བརྩོངས་ནུག། ཁོ་གྱིས་ཁོང་ཚུ་ཕྱི་བཏོན་གཏང་ཞིནམ་ད། བུམོ་ཆུང་ཀུ་དེའི་ཨཔ་དང་ཨའི། དེ་ལས་ཁོ་རང་མཉམ་ཡོད་མི་ཚུ་འཁྱིད་ཞིནམ་ལས་བུམོ་ཉལ་སར་ལུ་འབྱོན་ནུག།། ༤༡ ཡེ་ཤུ་གྱིས་བུམོ་དེའི་ལགཔ་གཟུང་ཞིནམ་ལས་མོ་ལུ། ཏ་ལཱི་ཐ་ཀུ་མི། རྫོང་ཁའི་སྐད་ལུ། བུམོ་ཆུང་ང་ཁྱོད་ལུ་ལོངས་ཟེར་བཀའ་གནངམ་ཨིན་ཟེར་གསུངསམ་ད་ལུ།། ༤༢ བུམོ་ལོ་བཅུ་གཉིས་ལེན་ཡོདཔ་དེ་གྱིས་ལོངས་ཞིནམ་ལས་ལམ་འགྱོ་ནུག། དེ་སྦེ་མཐོངམ་ཅིས་ཁོང་ཚུ་ག་ཅིས་དེ་ཡ་མཚན་སྦོམ་ཆེ་ནུག།། ༤༣ ཡེ་ཤུ་གྱིས་དེ་སྦེ་ག་གིས་གདོང་ཁར་ཡང་མ་སླབ་ཟེར་བརྡ་བསྐུལ་ཏི། བུམོ་ལུ་བཟའ་ནི་འབྱིན་ཟེར་བཀའ་གནང་ནུག།།
ཡེ་ཤུ་གཡལ་མི་སྦེ་མ་བརྩིཝ།
༄༅།། དེ་ཁར་ལས་བཞེངས་ཞིནམ་ད་ཁོ་རའི་ལུངམ་ཕྱོགས་ལུ་འབྱོནམ་ད། ཁོའི་སློབ་མ་ཚུ་ཡང་ཁོའི་རྟིང་ཤུལ་འོངས་ནུག།། ༢ དུས་བཟང་ངལ་གསོ་ཉིམ་ལུ། ཡེ་ཤུ་གྱིས་འདུ་ཁང་ནང་ལུ་ཆོས་བསྟོནམ་ད། ལེ་ཤ་གཅིག་གིས་ཁོའི་ཆོས་ཉན་དི་ཡ་མཚན་ཆེཝ་ལས། འདི་བཟུམ་ཡོན་ཏན་ཁོ་ལུ་ག་སྟི་ལས་འབྱུངམ་ཨིན་ན། ཁོ་ལུ་ཡོད་པའི་རིག་པ་དང་ཁོའི་ཕྱག་ལས་བསྟོན་གནང་མི་རྟགས་མཚན་ཚུ་ག་ལས་ཐོབ་ཨིན་ན་ཟེར་སླབས་ནུག།། ༣ མ་རི་ཡམ་གྱིས་བུ་ཚུ་ཤིང་བཟོཔ་དི། ཡ་ཀོབ་དང་། ཡོ་སེབ་དང་། ཡུ་དཱ་དང་། སི་མོན་ཚུ་གྱིས་ཕོ་སྤུན་མིན་ནམ། ཁོའི་སྲིངམོ་ཚུ་འདི་ཁར་ང་བཅས་མཉམ་ཡོདཔ་མེད་ནམ་ཟེར་སྦབས་སྟི་། ཁོང་གིས་ཁོ་ལུ་དད་པ་ལོག་ནུག།། ༤ འདི་འབདཝ་ད་ཡེ་ཤུ་གྱིས་ཁོང་ལུ། ལུང་སྟོན་པ་ལུ་རང་ཡུལ་དང་། གཉེན་ཉེཝ་དང་། རང་ཁྱིམ་ཚུ་ལས་གུས་ཞབས་མི་ཐོབ་ཟེར་གསུངས་ནུག།། ༥ དེ་ཁར་ནདཔ་རེ་ར་གཉིས་གཉིས་འགུ་ཕྱག་དབང་གནང་དི་ནད་གསོ་མཛད་གནངམ་མ་གཏོགས་པར། གཞན་རྟགས་མཚན་ཚུ་ག་ཅིས་ཡང་བསྟོན་མ་གནང་པས།། ༦ ཁོང་ཚུ་གྱིས་དད་པ་མེདཔ་མཁྱེན་ཞིནམ་ལས་ཁོ་ཡང་ཡ་མཚན་ཆེ་ནུག། དེ་ལས་མཐའ་སྐོར་གྱིས་གྲོང་ཡུལ་ཚུ་ནང་ལུ་ཆོས་བསྟོན་པར་འབྱོན་ནུག།།
ཁོང་བཙུ་གཉིསཔ་དེ་ཆོས་བཤད་སྤེལ་བར་གཏང་ཡོདཔ།
༧ ཁོ་གྱིས་ཁོང་བཅུ་གཉིསཔ་དེ་འབོ་ཞིནམ་ད། ཁོང་གཉིམ་གཉིས་སྦེ་གཏང་དི་ཁོང་གིས་གདོན་བགེགས་ཚུ་བཏུལ་ནིའི་མཐུ་སྟོབས་ཚུ་གནང་ནུཀ།། ༨ ཁོང་ཚུ་ལུ། ལམ་གྱིས་དོན་ལུ་ལག་འཁརཝ་གཅིག་མ་གཏོག། གཞན་བཟའ་ནི་ལྟོ། ཕད་ཅུང་། དངུལ་ཁུག་ནང་ལུ་གཏི་རུ་ཚུ་གང་ཡང་སྦག་ནི་མེད་།། ༩ ཀྲདཔ་ཀྲེམ་བཙུགས་དི། བགོ་ལ་གཉིས་བརྩེགས་མ་གྱོན་ཟེར་བཀའ་གནང་ནུག།། ༡༠ ད་རུང་ཁོང་ལུ་ཁོ་གྱིས་ག་སྟི་ཨིན་རུང་ཁྱིམ་གཅེག་ནང་འཛུལཝ་ད་ལུ། ས་གནས་དེ་ཁར་ལས་མ་འཐོན་བར་དུ་ཁྱིམ་དེ་ཁར་སྡོད།། ༡༡ ཡུལ་མཚན་དེ་ནང་ག་གིས་ཁྱེད་ལུ་གདོང་ལེན་མ་འབད་མི། ཁྱེད་ཆུའི་གཏམ་ལུ་མ་ཉན་མི་ལུ། དེ་ཁར་ལས་འགྱོཝ་ད། ཁོང་ཚུའི་བྱ་སྤྱོད་བཞག་ནི་དོན་ལུ། ཁྱེད་རའི་རྐངམ་གྱིས་ཐལཝ་ཚུ་བཅུག་དི་བཀོག།། ང་གིས་ཁྱེད་ལུ་བདེན་པ་སྦེ་སླབས་ཨིན། ཁྲིམས་དཔྱད་བསྒང་ལུ་གྲོང་ཁྱེར་སོ་དོམ་དང་གོ་མོར་ལས་ལྷག་པའི་སྔུག་བསྔལ་འབྱུང་འོང་ཟེར་བཀའ་གནང་ནག།། ༡༢ དེ་ལས་ཁོང་ཚུ་སོངས་ཞིནམ་ད་མི་ཚུ་སྡིག་བཤགས་ཕུལ་ནིའི་ཆོས་ཚུ་བཤད་ནག།། ༡༣ ཁོང་ཚུ་གྱིས་དེ་ལས་གདོན་ཚུ་ལེ་ཤ་ར་བཏུལ། ནདཔ་ཚུ་ལས་ལེ་ཤ་ཧུམ་དབུར་བརྐྱབས་ཏེ་གསོ་ནུག།།
ཁྲུས་གསོལ་པ་ཡོ་ཧ་ནན་གྱིས་དབུ་གཅད་ཡོདཔ།
༡༤ དེ་བསྒང་རྒྱལ་པོ་ཧེ་རོ་དེ་ཀྱིས་ཡེ་ཤུའི་སྐད་གྲས་རྣཝ་གོ་ཡོདཔ་ལས། ཁོ་གྱིས་ཁྲུས་གསོལ་པ་ཡོ་ཧ་ནན་བཤགས་ཞིནམ་ལས་ལོག་དི་སྐུ་གསོན་པོ་ལོངས་ལོངམ་འོང་ནི་ཨིན་པས། འདི་འབདཝ་ལས་རྟགས་མཚན་ཚུ་སྟོན་དོ་ཡོདཔ་ཨིན་པས་ཟེར་ནུག།། ༡༥ ཁོབ་ལ་ལུ་གཅིག་གིས་ཨི་ལི་ཇ་ཨིན་པས་ཟེར་ནུག། ལ་ལུ་གཅིག་གིས་ཧེ་མའི་ལུང་སྟོན་པ་ཚུ་ལས་ལུང་སྟོན་པ་གཅིག་འོང་ནི་ཨིན་པས་ཟེར་སླབས་ནུག།། ༡༦ འདི་ལབདཝ་ད་ཧེ་རོ་དེ་ཀྱིས་དེ་སྦེ་གོ་ཞིནམ་ད། ང་གིས་དབུ་གཅད་བཀོག་མི་ཡོ་ཧ་ནན་དི་གསོན་པོ་སྦེ་བཞེངས་ཡོདཔ་ཨིན་པས་ཟེར་སླབས་ནུག།། ༡༧ ག་ཅིསམ་ཟེརན་ཧེ་རོ་དེ་ཁོ་རང་གིས་མི་གཏང་སྟི་ཡོ་ཧ་ནན་འཛིན་བཟུང་འབད་ཞིནམ་ལས་བཙོན་ལུ་བཙུགས་བཙུགཔ་ཨིན་པས། ག་དེ་སྦེ་ཟེརན་ཧེ་རོ་དེའི་ནུ་གཅུང་ཕི་ལིབ་ཀྱིས་ཨམ་སྲུ་ཧེ་རོ་ད་ཡ་ཟེར་བའི་ཨམ་སྲུ་དེ་དང་མཉམ་ཁོ་གྱིས་གཉེན་བརྐྱབས་འབདཝ་ལས་ཨིན་པས།། ༡༨ ཡོ་ཏ་ནན་གྱིས་ཧེ་རོ་དེ་ལུ། ཁྱོད་ཀྱིས་ཁྱོད་རའི་ནུ་གཅུང་གྱིས་ཨམ་སྲུ་དང་གཉེན་བརྐྱབ་མི་རུང་ཟེར་གསུངས་ཡོདཔ་ཨིན་པས།། ༡༩ དེ་སྦེ་ཧྭེ་རོ་དེ་ཡ་དང་མཉམ་འཐབ་འཛིང་འབདཝ་ལས་བར་ནང་འཁོན་བཞུགས་དི་ཁོ་གསད་ནི་འབད་རུང་མོ་གྱིས་མ་ཚུགས་པས།། ༢༠ ག་དེ་སྦེ་ཟེར་བ་ཅིན། ཧེ་རོ་དེ་གྱིས་ཡོ་ཧ་ནན་དི་མི་ཆོས་ཅན་གཅིག་དང་སྐྱེས་བུ་དམ་པ་ཨིནམ་ཤེས་ཏེ། ཁོ་ལུ་འོག་སྟི་སྲོག་སྐྱབས་འབད་ཡོདཔ་ཨིན་པས། ཁོའི་ཆོས་ཉནམ་ད་ལུ་སེམས་ཚབ་ཚུབ་འབད་རུང་ཡིད་རངམ་སྦེ་ཉནམ་ཨིན་པས།། ༢༡ ཧེ་རོ་དེའི་སྐྱེས་བའི་ཉིམ་ལུ། གཱ་ལི་ལི་གྱིས་མི་སྦོམ་ཚུ་དང་། དཔོན་ཁག་དང་། དམག་དཔོན་ཚུ་གེ་ར་སྐུ་མགྲོན་སྦེ་ཡོད་པའི་སྐབས་ལུ།། ༢༢ ཧེ་རོད་ཡའི་བུམོ་དེ་ནང་ན་འོངས་ཞིནམ་ལས། ཞབས་བྲོ་བརྐྱབ་ལྟི་འབདཝ་ལས། ཧེ་རོ་དེ་དང་སྐུ་མགྲོན་ཚུ་ཡིད་རངས་དི་རྒྱལ་པོ་དེ་གྱིས་ཁོ་རའི་བུམོ་དེ་ལུ། ཁྱོད་ག་ཅིས་དགོ་མི་དེ་སླབས་ང་གིས་འབྱིན་འོང་།། ༢༣ ངི་རྒྱལ་སྲིད་ཕྱེད་ཀ་གཅིག་དགོ་རུང་ཡང་འབྱིན་ནི་ཨིན་ཟེར་མནའ་འབོ་ནུག།། ༢༤ བུམོ་དེ་ཕྱི་འཐོན་སོངས་ཞིནམ་ལས་མོ་རའི་ཨའི་ལུ། ང་གིས་ག་ཅིས་གནང་ཟེར་ཞུ་དྲག་གམ་ཟེར་དྲིཝ་ད་ལུ། ཨའི་གྱིས་ཁྲུལ་གསོལ་པ་ཡོ་ཧ་ནན་གྱིས་མགུ་ཏོ་གནང་ཟེར་བསླབ་བྱ་སྟོན་ནུག།། ༢༥ མོ་གྱིས་དེ་ཕྲལ་ལས་རྒྱལཔོ་གྱིས་སྐུ་མདུན་ལུ་སོངས་ཞིནམ་ད། ད་ལྟོ་རང་ང་ལུ་ཁྲུས་གསོལ་པ་ཡོ་ཧ་ནན་གྱིས་མགུ་ཏོ་དཔལ་ལྡེར་ནང་ལུ་བཙུགས་ཏི་གནང་ཟེར་ཞུཝ་ད།། ༢༦ སྐུ་འགྲོན་ཚུ་གྱིས་གདོང་ཁར་མནའ་འབོབ་ལས་། མོ་གྱིས་ཞུ་འདོད་བཟུམ་རང་རྒྱལ་པོག་ཅིས་དེ་མཚེར་རུང་།། ༢༧ དེ་ཕྲལ་ལས་ཁྲིམས་སྲུང་པ་གཅིག་གཏང་ཞིནམ་ལས། ཁོའི་མགུ་ཏོ་སྦག་ཤོག་ཟེར་བཀའ་གནང་སྟེ། ཁོ་སོངས་ཞིནམ་ད་བཙོན་ཁང་ནང་ཡོ་ཧ་ནན་གྱིས་དབུ་གཅད་ཞིནམ་ལས།། ༢༨ དཔལ་ལྡེར་ནང་སྦག་འོངས་སྟི་བུམོ་དེ་ལུ་སྤྲོད་པའི་སྐབས། མོ་གྱིས་མོ་རའི་ཨའི་ལུ་སྤྲོད་ནུག།། ༢༩ ཡོ་ཧ་ནན་གྱིས་སློབ་མ་ཚུ་གྱིས་རྣཝ་གོ་དི་ཁོང་ཚུ་འོངས་ཞིནམ་ད། སྐུ་ཕུངམ་གདེན་འདྲེན་ཞུ་ཞིནམ་ལས་སྤུར་ཁང་ནང་ལུ་བཙུགས་བཞག་ནུག།།
མི་སྟོང་ཕྲག་ལྔ་ལུ་བཞེས་སྒོ་གནང་ཡོདཔ།
༣༠ སྐུ་ཚབ་ཚུ་ཡེ་ཤུའི་སྐུ་མདུན་ལུ་འཛོམས་དི། ཁོང་གིས་ག་ཅིས་འབད་ཡོདཔ། ག་ཅིས་བསྟོན་ཡོདཔ་ཚུ་གེ་ར་ཁོ་ལུ་ཞུ་ནུག།། ༣༡ མི་ལེ་ཤ་འོངས་མི་དང་འགྱོ་མི་ཡོདཔ་ལས། ཡེ་ཤུ་གསོལཝ་བཞེས་མ་ཚུགས་པས། ཁོ་གྱིས་ཁོང་ཚུ་ལུ། ཨ་ཙི་ངལ་གསོ་འབད་ནི་དོན་ལས་བྱེམ་ཐང་གཅིག་ནང་འགྱོ་གེ་ཟེར་གསུངས་ནུག།། ༣༢ དེ་ལས་ཁོང་ཚུ་གྲུའི་ནང་འཛུལ་དི་བྱེམ་ཐང་ནང་ལུ་ཕེབས་ནུག།། ༣༣ མི་མང་ཤོས་ཀྱིས་ཁོང་ཚུ་འབྱོནམ་མཐོང་སྟི་ཡེ་ཤུ་མངོ་ཤེསཔ་ལས། གྲོང་ཁྱེར་ནང་ལས་རྐང་ཐང་སྦེ་ཁོ་བཞུགས་སར་བརྒྱུགས་འོངས་ཞིནམ་ད་ཁོའི་ཧེ་མ་ཁོང་ཚུ་ལྷོད་ནུག།། ༣༤ ཡེ་ཤུ་གྲུའི་ནང་ལས་ཕྱི་འཐོནམ་ད། མི་ཚོགས་སྦོམ་ལུག་རྗིབ་མེད་པའི་ལུག་བཟུམ་ཡོདཔ་ལས་ག་ཅིས་དེ་སྷིང་རྗེ་མཛད་དི། ཁོང་ཚུ་ལུ་ཆོས་ལེ་ཤ་བསྟོན་གནང་ནུག།། ༣༥ གནམ་ཕྱི་རུ་འགྱོཝ་ད་ཁོའི་སློབ་མ་ཚུ་འོངས་ཞིནམ་ད་ཁོ་ལུ། ས་ཆ་འདི་བྱེམ་ཐང་ཨིན་པས། གནམ་ཡང་སྲོ་ཡི།། ༣༦ མི་ཚུ་ག་ར་བཟའ་མཐུང་རེ་ཉོ་བར་མཐའ་སྐོར་ཡོད་པའི་གྲོང་གསེབ་ཚུ་ནང་གཏང་གནང་། ག་ཅིསམ་ཟེར་ཁོང་ལུ་ག་ཅིས་ཡང་བཟའ་ནི་མིན་འདུག་ཟེར་ཞུཝ་ད་ལུ།། ༣༧ ཡེ་ཤུ་གྱིས་ཁོང་ཚུའི་ལན་ལུ། ཁོང་ལུ་བཟའ་ནི་རེ་ཁྱེད་ཚུ་གྱིས་འབྱིན་ཟེར་གསུངསམ་ད། ཁོང་ཚུ་གྱིས། ང་བཅས་སོངས་ཞིནམ་ད་དི་ནར་བཉིས་བརྒྱ་ཐམས་པའི་ཁུར་ལེབ་ཉོ་ཞིནམ་ལས་ཁོང་ཚུ་བཟའ་བཅུག་ནི་ཨིན་ན་ཟེར་ཞུ་ནུག།། ༣༨ ཁོ་གྱིས་། ཁྱེད་ཚུ་ལུ་ཁུར་ལེབ་ག་དེམ་ཅིས་ཡོདཔ་བལྟ་བར་སོང་ཟེར་གསུངས་དི། ཁོང་གྱིས་ཁུར་ལེབ་ལྔ་དང་ཉ་གཉིས་འདུག་ཟེར་ཞུ་ནུག།། ༣༩ ཁོ་གྱིས་མི་ཚུ་གེ་ར་སྤང་ཧོནམ་འགུ་ཚོག་ཁག་འབད་དི་སྡོད་བཅུག་ཟེར་བཀའ་གནང་ནུག།། ༤༠ ཁོང་ཚུ་བརྒྱ་བརྒྱ་དང་། ལྔ་བཅུ་ལྔ་བཅུའི་གྱལ་རིམ་སྦེ་སྡོད་ནུག།། ༤༡ ཁོ་གྱིས་ཁུར་ལེབ་ལྔ་དང་ཉ་གཉས་ཕྱག་ལུ་པསྣམས་ཞིནམ་ད། ཡར་གནམ་མཁར་ལུ་གཟིགས་ཞིནམ་ད། བྱིན་རླབས་གནང་སྦེ། ཁུར་ལེབ་བཅག་སྟེ་མི་ཚུ་ལུ་བྱིན་ཟེར་སློབ་མ་ཚུ་ལུ་གནང་ནུག། ཉ་གཉིས་ཡང་དེ་སྦེ་གེ་ར་ལུ་བགོ་བཤའ་བརྐྱབས་ནུག།། ༤༢ ཁོང་ག་ར་གྱིས་བཟའ་ཞིནམ་ལས་ཕོཝ་འགྲང་ནུག།། ༤༣ ཚིམ་པའི་ལྷག་ལུས་ཁམ་ཚད་རྩེཝ་བཅུ་བཉིས་དང་། ཉའི་ལྷག་མ་ཚུ་ག་ར་བསྡུ་ནུག།། ༤༤ ཁུར་ལེབ་བཟའ་མི་ཁོང་ཚུ་ཕོ་རྒྱ་རྐྱངམ་ཅིག་སྟོང་ཕྲག་ལྔ་ཡོདཔ་ཨིན་པས།།
ཡེ་ཤུ་རྒྱ་མཚོ་འགུ་ལས་ལམ་འགྱོནམ།
༤༥ ཁོ་གྱིས་ཁོ་རའི་སློབ་མ་ཚུ་ལུ། ང་གིས་མི་ཚོགས་ལོག་གཏང་བའི་བར་ནང་། ཁྱེད་ཚུ་གྲུའི་ནང་འཛུལ་ཞིནམ་ད། རྒྱ་མཚོ་ཕར་ཁར་བེད་ཅ་ཡི་ད་ལུ་སོང་ཟེར་བཀའ་གནང་དི་གཏང་ནུག།། ༤༦ མི་ཚོགས་ཚུ་ཁོ་གྱིས་ལོག་གཏང་དི། ཁོ་རང་རི་ཁྲོད་གཅེག་ནང་ཐུགས་དམ་གནང་བར་འབྱོན་ནུག།། ༤༧ གནམ་ཕྱི་རུ་འགྱོཝ་ད་གྲུ་རྒྱ་མཚོ་སྦུག་ནང་ལྷོད་ནུག། ཁོ་རང་རྐྱངམ་གཅིག་ས་སྐམ་སར་བཞུགས་ཡོདཔ་ཨིན་པས།། ༤༨ རླུང་ཚུབ་ལངས་ཞིནམ་ད་གྲུ་གཏང་དི་ཁོང་ཚུ་འུ་སྡུགཔ་གཟིགས་སྟི། ཕྱི་རུ་ནུམ་ཕྱེད་ལུ་ཁོ་གྱིས་རྒྱ་མཚོ་འགུ་ཞབས་ཐང་སྦེ་སློབ་མ་ཚུ་ཡོད་སར་འབྱོནམ་ད་ལུ།། ༤༩ ཁོང་ཚུ་གྱིས་ཡེ་ཤུ་རྒྱ་མཚོ་འགུ་ལས་ཞབས་ཐང་འབྱོནམ་མཐོང་དི། འདྲེ་ཨིན་པས་ཟེར་འདྲོག་དི་སྐད་བརྐྱབན་ནུག།། ༥༠ ཡེ་ཤུ་གྱིས་ཁོང་ལུ་གསུངས་འབྱོན་དི་སེམས་ལྷོད་ལྷོད་སྦེ་སྡོད། ང་ཨིན། མ་འདྲོག་ཟེར་གསུངས་ནུག།། ༥༡ གྲུའི་ནང་ཁོང་ཚུ་ཡོད་སར་ཁོ་ཕེབས་ཞིནམ་ད་རླུང་ཚུབ་ཆད་ཡོདཔ་ལས། ཁོང་ཚུ་ག་ཅིས་དེ་ཡ་མཚན་ཆེ་ནུག།། ༥༢ ག་ཅིསམ་ཟེརན་ཁུར་ལེབ་ཀྱིས་རྟགས་མཚན་མཛད་པ་ལུ་ཁོང་གིས་ཧ་མ་གོ་བར། ཁོང་གིས་དོན་ཧིང་ས་ག་ཀྲ་ཡོདཔ་པས།། ༥༣ ཁོང་ཚུ་ཆུ་མཐའ་མར་ཕེབས་ཞིནམ་ལས། གེ་ནེ་ས་རེད་ཟེར་བའི་ལུངམ་ཕྱོགས་ལུ་འབྱོན་ཏེ།། ༥༤ གྲུའི་ནང་ལས་ཁོང་ཚུ་ཕྱི་མཐོན་འབྱོན་པའི་སྐབས། དེ་ཕྲལ་ལས་མི་ཚུ་གྱིས་ཡེ་ཤུ་ངོ་ཤེས་ཞིནམ་ལས།། ༥༥ ཡུལ་མཚན་དེའི་ཕྱོགས་ལུ་བརྒྱུགས་སོངས་ཞིནམ་ད་ནདཔ་གེ་ར་ཉལ་ཁྲི་དང་དྲག་སྟི་ཁོ་ག་སྟི་བཞུས་སར་སྦག་འོངས་ཏེ།། ༥༦ གཡུལ་མཚན། གྲོང་གསེབ། ལུངམ་ཕྱོགས་ཚུ་ཁོ་འབྱོན་པའི་ས་ཁར་ནདཔ་ཚུ་ཁྲོམ་ལམ་བརྡའ་དི་བཞག་ཡོདཔ་ལས། ན་བཟའ་མཐའམ་འགུ་ལགཔ་བརྡོ་ནིའི་གནང་བ་ཞུ་ཞིནམ་ལས། ཁོའི་སྐུ་གཟུགས་ལུ་རེག་རེ་རེག་ཚད་ག་ར་ཁོང་རའི་ནད་ཞི་ལས་འགྲོལ་སོ་ནུག།།
བཙོགཔ་ཚུ་ནང་ན་ལས་འབྱུངམ།
༄༅།། ཡེརུ་ཤ་ལེམ་ལས་ཁོང་མཁན་པོ་དང་ཕ་རུ་ཤི་པ་ཚུ་ཡེ་ཤུ་མཇལ་བར་འོངས་ནུག།། ༢ ཁོང་ཚུ་གྱིས་ཁོའི་སློབ་མ་ཚུ་ལགཔ་མ་འཁྱུ་བར་བཞེས་གོ་བཙོག་པ་བཟའཝ་མཐོང་ནུག།། ༣ ག་ཅིསམ་ཟེརན་ཕ་རུ་ཤི་པ་དང་ཡ་ཧུ་དཱ་པ་གེ་ར་གྱིས་ཁོང་རའི་རྒན་ཤོས་ཚུ་གྱིས་ལམ་ལུགས་ཁྲིལདི། ལགཔ་མ་འཁྱུ་བར་ལྟོ་མི་བཟའ་དོ་ཡོདཔ་ཨིན་པས།། ༤ ཁྲོམ་སར་ལས་འོངས་ཞིནམ་ད་གཟུགས་མ་འཁྱུ་བར་ལྟོ་མི་བཟའ། ཕོརཔ་དང་ཀ་ལ་ཟངས་གྱིས་ཅ་ལག་ཆུ་འཁྱུ་དི་ལས་འགལ་ག་ཅིས་ཡང་མ་འབདཝ་ཨིན་པས།། ༥ དེ་ལས་ཕ་རུ་ཤི་པ་དང་མཁན་པོ་ཚུ་གྱིས་ཡེ་ཤུ་ལུ། ཁྱོད་ཀྱིས་སློབ་མ་ཚུ་རྒན་ཤོས་ཚུའི་ལམ་ལུགས་ལུ་མ་གནས་པར། ལགཔ་མ་འཁྱུབར་བཞེས་གོ་ག་ཅིས་སྦེ་བཟའཝ་ཨིན་ན་ཟེར་ཞུཝ་ད་ལུ།། ༦ ཡེ་ཤུ་གྱིས་ཁོང་ལུ། ལུང་སྟོན་པ་ཨ་ཤེ་ཡའི་ཆོས་ལོགཔ་ཚུ་འི་སྐོར་ལས་འབྲིས་པའི་ནང་ལུ། འདི་མི་ཚུ་འི་ཁ་ལས་ང་ལུ་གུས་ཞབས་འབད་རུང་། ཁོང་གྱིས་སེམས་དི་ང་ལས་རྒྱང་ཐག་རིང་པས།། ༧ ང་ལུ་དོན་མེད་ཕྱག་འཚལ་དི། མིའི་ཁྲིམས་ལུགས་དང་བསླབ་བྱ་ཚུ་སྟོན་མས་ཟེར་ནེ་སྦེ་གསུངས་བཞག་ནུག།། ༨ ག་ཅིསམ་ཟེརན་ཁྱེད་ཚུ་དཀོན་མཆོག་གིས་བཀའ་ལུ་མ་གནས་པར། མིའི་ལམ་ལུགས་ལུ་གནས་ཞིནམ་ལས་པོརཔ་དང་ཀ་ལ་འཁྱི་ནི། གཞན་ཡང་ཁྱེད་ཚུ་གྱིས་འབདཝ་མས་ཟེར་གསུངས་ནུག།། ༩ ཡེ་ཤུ་གྱིས་ཁོང་ལུ། ཁྱེད་རའི་ལམ་ལུགས་ལུ་ཆ་བཞག་དི་དཀོན་མཆོག་གིས་བཀའ་ལུ་མ་གནས་མི་དེ་ཨིན།། ༡༠ ག་དེ་སྦེ་ཟེར་བཅིན་མོ་ཤཱ་གྱིས་གསུངས་ནང་། ཁྱེད་རའི་ཨ་པ་དང་ཨའི་ལུ་གུས་ཞབས་འབད། ག་གིས་ཨ་པ་དང་ཨའི་ལུ་སྨད་ཕབས་འབད་བ་ཅིན་ཁོ་ཤི་དགོཔ་ཨིན་ཟེར་དེ་སྦེ་འདུག།། ༡༡ འདི་འབདཝ་ད་ཁྱེད་ཀྱིས་སླབས་མས། ག་དེམ་ཅིས་འབད་མི་གཅིག་གིས་ཁོ་རའི་ཨ་པ་དང་ཨའི་ལུ། ང་གིས་ཁྱེད་ལུ་ཕུལ་ཡོད་པའི་ཞབས་ཏོག་ཀོར་བཱན་རྫོང་ཁའི་སྐད་ལུ་མཆོད་པ་འདི་དཀོན་མཆོག་ལུ་ཕུལཝ་ཨིན་ཟེརཝ་མས། ༡༢ དི་ལས་ཁྱེད་ཀྱིས་ཁོ་ལུ་ཤུལ་ལས་ཨ་པ་དང་ཨའི་ལུ་གུས་ཞབས་མ་འབད་རུང་བཏཱབ་ཟེར་ནི་ཨིན་པས།། ༡༣ ཁྱེད་ཀྱིས་བཟོ་བའི་ལམ་ལུགས་དེ་གྱིས་དཀོན་མཆོག་གིས་བཀའ་ལུ་དོན་མེདཔ་བཟོ་ཡི། འདི་བཟུམ་ཁྱེད་ཀྱིས་ལེ་ཤ་འབད་ཡི་ཟེར་གསུངས་ནུག།། ༡༤ མི་ཚུ་གེ་ར་ཁོ་ཡོད་སར་འབོ་ཞིནམ་ད། ཁོ་གྱིས་ལོང་ལུ། ཁྱེད་ག་ར་གྱིས་ང་ལུ་ཉན་ཞིནམ་ལས་ཧ་གོཝ་ལབད།། ༡༥ ཕྱི་ཁར་ལས་མིའི་ཁོག་པའི་ནང་ན་འཛུལ་ཡོདཔ་དེ་ལུ་བཙོག་པ་སྦེ་མི་རྩིས། འདི་འབདཝ་ད་ཁོའི་ཁོག་པའི་ནང་ན་ལས་ཕྱི་འཐོན་པ་ཅིན་མི་གཅིག་ལུ་བཙོག་པ་འགྱུརཝ་ཨིན།། ༡༦ འདི་ག་ལུ་རྣམ་ཅོག་ཡོད་མི་དེ་ཁོ་རང་ལུ་ཉན་བཅུག་ཟེར་གསུངས་ནུག།། ༡༧ མི་ཚུ་དང་ཁ་བྱལ་ཞིནམ་ད་ཡེ་ཤུ་ཁོ་རའི་གཟིམ་ཅུང་ནང་ཕེབས་ད་ལུ། ཁོའི་སློབ་མ་ཚུ་གྱིས་དཔེ་གཏམ་དེའི་དོན་ད་བཤད་གནང་ཟེར་ཞུཝ་ད།། ༡༨ ཁོང་གིས་ལན་ལུ་ཡེ་ཤུ་གྱིས། ཁྱེད་ཚུ་དེམ་ཅིག་ཡང་ཧ་མ་གོཔ་ཨིན་ན། ཕྱི་ཁར་ལས་མིའི་ཁོག་པའི་ནང་ལུ་འཛུལ་ཡོདཔ་དེ་བཙོག་པ་མ་རྩིཝ་དི།། ༡༩ ཁོའི་སེམས་ནང་ལུ་མ་འཛུལ་བར། ཕོཝ་ནང་ལུ་འཛུལ་དི། ཆབ་གསང་ལུ་འབྱུར་ཞིནམ་ལས་འཐོན་འགྱོཝ་ཨིན།། ༢༠ དེ་ལས་མིའི་ཁོག་པའི་ནང་ལས་ཕྱི་འཐོན་དི་བཙོག་པ་འབྱུར་ཡོདཔ་དེ།། ༢༡ མིའི་སེམས་ནང་ལས། ངན་སེམས། འདོད་ཆགས་ཆེ་ནི། འདོད་ཆགས་ཀྱིས་བཀྲ་མ་ཤིསཔ། མི་གསད་ནི།། ༢༢ ཨཝ་རྐུ་ནི། བརྣབ་སེམས། མི་དགེ་བ། སྒྱུ་བཟོག། འདོད་ཆགས། མིག་ངན་བལྟ་ནི། རྔམ་ཏོག་འགྱུར་ནི། གླེན་པ། ང་རྒྱལ།། ༢༣ ངན་པ་འདི་ཚུ་ག་ར་འཐོན་དི། མི་དིབཙོག་པ་ལུ་འགྱུརཝ་ཨིན་གསུངས་ནུག།།
ཕྱི་པ་ཨམ་སྲུ་གཅིག་གིས་དད་པ་དང་ལྐུག་པ་གཅིག་གསོ་ཡོདཔ།
༢༤ དེ་ཁར་ལས་བཞེངས་ཏེ། ཀྲ་ཡེར་དང་སི་དོན་ཡུལ་ཕྱོགས་ཚུ་ནང་འབྱོན་དི་ཁྱིམ་གཅིག་ནང་ཕེབས་ནུག། མི་གཞན་གྱིས་མ་ཤེསཔ་སྦེ་རྩ་འགེངས་རུང་། ཁོ་ཡིབས་དི་བཞུགས་མ་ཚུགས་པས།། ༢༥ ག་ཅིསམ་ཟེརན་བུམོ་གཅིག་གདོན་འཛུལ་ཡོད་པའི་ཨའི་གཅིག་ཁོའི་སྐད་གྲགས་རྣཝ་གོ་དི་འོངས་ཞིནམ་ལས། ཁོའི་ཞབས་སར་ལུ་ཕྱག་འཚལ་ནུག།། ༢༦ ཨམ་སྲུ་འདི་ཧེ་ལེན་པ་ཨིན་པས། མོའི་མི་རིགས་འདི་སའི་རོ་ཕེ་ནི་ཀ་ཨིནམ་ལས་མོ་གྱིས་ཡེ་ཤུ་ལུ། མོའི་བུམོ་གྱིས་གདོན་དེ་བཏོན་གནང་ཟེར་ཞུཝ་ད་ལུ།། ༢༧ ཡེ་ཤུ་གྱིས་མོ་ལུ། ཨ་ལོ་ཚུའི་ཁུར་ལེབ་ལེན་སྟི་རོ་ཁྱི་ལུ་དབྱུག་བཀོག་ནི་མི་ལེགས། ཧེ་མ་ཨ་ལོ་ཚུ་ཕོཝ་འགྲང་བཅུག་ཟེར་གསུངསམ་ད་ལུ།། ༢༨ མོ་གྱིས་ཁོ་ལུ་། གརྩཕོལགས། ལྕོག་རྩེའི་འོག་ལུརོ་ཁྱི་ཡང་ཨལོུ་ཚུའི་ལུར་ལེབ་ས་ཁར་འབུད་ཡོདཔ་ཚལས་བཟའ་པཨིན་ཟེར་ཞུ་ནུག།། ༢༩ ཁོ་གྱིས་མོ་ལུ། ཁྱོད་རའི་སླབས་དོ་བཟུམ་རང་གདོན་དི། ཁྱོད་རའི་བུ་མོའི་ནང་ལས་ཕྱི་འཐོན་སོ་ཡི། ཁྱོད་རང་ལོག་སོང་ཟེར་གསུངས་ནུག།། ༣༠ མོ་ཁྱིམ་ནང་ལྷོདཔ་ད་ལུ། གདོན་འཐོན་འགྱོ་དི་མོའི་བུཔོ་མལ་ཆའི་ནང་ཉལ་ཡོདཔ་མཐོང་ནུག།། ༣༡ ཡེ་ཤུ་ད་རུང་ཀྲ་ཡེར་དང་སི་དོན་ལུངམ་ཕྱོགས་ཚུ་ལས་བཞེངས་ཏེ་གཱ་ལི་ལི་ཟེར་བའི་མཚོ་སྦོ་ལོག་ཁར་ལས་རྒྱུད་དི་གཱལིཡི་མཚོ་ཡོད་སར་ཕེབས་ནུག། ༣༢ ཁོའི་སྐུ་མདུན་ལུ་རྣམ་ཅོག་བྱ་རྡུགས་དང་། བློའོ་སླབ་མ་ཤེས་པའི་ལྐུགས་པ་གཅིག་འཁྱེད་འོངས་ཞིནམ་ད། ཁོང་ཚུ་གྱིས་ཁོའི་མགུ་ཏོག་ལུ་ཕྱག་དབང་གནང་ཟེར་ཞུ་ནུག།། ༣༣ ཁོ་གྱིས་གླེན་ལྐུགས་དེ་མི་དམང་སྦུག་ལས་ལོགས་སུ་འཁྱེད་ཞནམ་ད། ཁོའི་རྣམ་ཅོག་གཉིས་ནང ཕྱག་མཛུབ་བཙུགས་ཏེ། དེ་ལས་ལྗགས་ཚིལ་གཏོར་དི་ཁོའི་ལྕེ་འགུ་བཀལ་དི།། ༣༤ ཡར་གནམ་མཁའ་ལུ་གཟིགས་ཞིནམ་ལས་ཁོ་ལུ། ཨེ་ཕ་ཐ་ཟེར་གསུབས་ནུག། རྫོང་ཁའི་སྐད་ལུ་ཕྱེ་བར་ཤོག་ཅིག་ཟེར་གསུངསམ་ད་ལུ།། ༣༥ དེ་ཕྲལ་ལས་ཁོའི་རྣམ་ཅོག་གིས་རྣཝ་གོ། ལྕེ་བསྡམས་ཡོདཔ་དེ་ཡང་རྒྱུན་མ་ཆད་པར་དག་ཏོག་ཏོ་ཁ་མ་སླབས་ཚུགས་ནུག།། ༣༦ ག་ལུ་ཡང་མ་སླབས་ཟེར་ཡེ་ཤུ་གྱིས་ཁོང་ཚུ་ལུ་བཀའ་གནང་དི་འབད་རུང་། འདི་བས་ལྷག་པའི་ཁོའི་གཏམ་སྙན་གྲགས་ཚུ་ག་སྟི་གུ་སྟི་མེད་པར་ཁྱབས་སོ་ནུག།། ༣༧ ཁོང་མི་ཚུ་ག་ཅིས་དི་ཡ་མཚན་ཆེཝ་ལས། ཁོ་གྱིས་གེ་ར་ལེགས་ཤོམ་མཛད་གནང་དི། བྱ་རྡུགས་ཀྱིས་རྣཝ་གོ་ནི་དང་། གླེན་ལྐུགས་ཀྱིས་ཁ་སླབས་ཚུགསཔ་བཟོ་ གནང་ཡི་ཟེར་སླབས་ནུག།།
མི་སྟོང་ཕྲག་བཞི་ལུ་བཞེས་གོ་ངནངམ།།
༄༅།། དེའི་ཉིམ་ལུ་མི་དེ་ཚུ་གནམ་མེད་ས་མེད་ཡོདཔ་ལས། བཐའ་ནི་གང་ཡང་མེདཔ་ཨིན་པས། ཡེ་ཤུ་གྱིས་སློབ་མ་ཚུ་ཁོ་ཡོད་སར་འབོ་ཞིནམ་ད་ཁོང་ལུ།། ༢ མི་ཚོགས་དེ་ཚུ་ང་དང་མཉམ་སྡོད་ད་དི་བཞག་གསུམ་སོང་ས་ཡི། ཁོང་ལུ་བཟའ་ནི་མེད་པར་ང་ལུ་སྙིང་རྗེ་འོངས་ཡི།། ༣ ག་དེམ་ཅིས་འབད་ང་གིས་ཁོང་ཚུ་ཕོཝ་ལྟོགསཔ་སྦེ་ཁོང་རའི་ཁྱིམ་ནང་ལོག་བཏང་བ་ཅིན། ལམ་བར་ནང་ཁོང་དྲན་མེད་བརྒྱལ་འོང་། ག་ཅིསམ་ཟེརན་ཁོང་ལ་ལུ་གཅིག་ས་ཐག་རིང་སར་ལས་འོངམ་ཨིན་ཟེར་གསུངསམ་ད་ལུ།། ༤ ཁོའི་སློབ་མ་ཚུ་གྱིས་ཁོ་ལུ། བྱང་ཐང་འདི་བཟུམ་ནང་ལུ། ཁོང་ཚུ་ཕོཝ་འགྲང་ནིའི་ལྟོ་ག་སྟི་ལས་སྦག་འོང་དི་འབྱིན་ནི་ཨིནམ་ཟེར་ཞུཝ་ད།། ༥ ཡེ་ཤུ་གྱིས་ཁོང་ཚུ་ལུ། ཁྱེད་ལུ་ཁུར་ལེབ་ག་དེམ་ཅིས་ཡོདཔ་ཟེར་འདྲིཝ་ད་ལུ། ཁོང་ཚུ་གྱིས་ལེབ་བདུན་ཡོད་ཟེར་ཞུ་ནུག།། ༦ ཁོ་གྱིས་མི་དམང་ག་ར་ས་ཁར་སྡོད་པཅུག་ཟེར་བཀའ་གནང་ཞིནམ་ལས། ཁུར་ལེབ་བདུན་དེ་ཕྱག་ལུ་བསྣམས་ཞིནམ་ད། བཀའ་དྲིན་ལེགས་སོ་ཕུལ་ཏེ་ཁུར་ལེབ་བཅགས་དི། མི་དམང་ལུ་འབྱིན་ཟེར་སློབ་མ་ཚུ་ལུ་གནང་ཞིནམ་ལས། ཁོང་ཚུ་གྱིས་མི་དམང་ལུ་བྱིན་ནུག།། ༧ ཁོང་ལུ་ཡོད་པའི་ཉ་ཆུང་དག་པ་ཅིགཔ་དེ་ཡང་བྱིན་རླབས་མཛད་དི། དེ་ཚུ་ཡང་མི་དམང་ལུ་གནང་ཟེར་བཀའ་སྕལ་ནུག།། ༨ ཁོང་ཚུ་གེ་ར་གྱིས་བཟའ་ཞིནམ་ལས་ཕོཝ་གྲངམ་མ་ཚད། ཚིམ་པའི་ལྷག་ལུས་ཁམ་ཚད་རྩེཝ་བདུན་ལུས་ནུག།། ༩ དེ་ཁར་ལྟོ་བཟའ་མི་ཁོང་མི་སྟོང་ཕྲག་བཞི་དེ་ཅིས་ཡོདཔ་ཨིན་པས། ཁོང་ཚུ་ཡེ་ཤུ་གྱིས་ལོག་གཏང་ནུག།། ༡༠ དེ་ལས་སློབ་མ་ཚུ་མཉམ་གྲུ་ནང་དེ་ཕྲལ་ལས་འཛུལ་ཞིནམ་ད། དཱལ་མ་ནུ་ཐ་ཟེར་སའི་ལུངས་ཕྱོགས་ལུ་ཕེབས་ནུག།།
ཕ་རུ་ཤི་པ་ཚུ་ལས་དྲན་པ་བཏོན་ད་གོཔ།
༡༡ ཕ་རུ་ཤི་པ་ཚུ་འོངས་ཞིནམ་ད། ཡེ་ཤུ་ལུ་འདྲི་བ་འབད་དི་བར་ཆད་བརྐྱབ་དི་ཞིང་ཁམས་ལས་རྟགས་མཚན་གཅིག་ཁོང་ལུ་སྟོནགནང་ཟེར་ཞུཝ་ད་ལུ།། ༡༢ ཁོ་རའི་ཐུགས་ཉིད་ལས་དབུགས་ལེན་མཛད་དི་ཁོང་ལུ། མི་རབས་འདི་ཚུ་ག་ཅིས་ལས་བརྟེན་རྟགས་མཚན་འཚོལཝ་ཨིན་ན། མི་རབས་དེ་ལུ་རྟགས་མཚན་ག་ཅིས་ཡང་མི་བསྟོན་ཟེར་ང་གིས་ཁྱེད་ལུ་བདེན་པ་སླབས་ཨིན་གསུངས་ནུག།། ༡༣ དེ་ལས་ཡེ་ཤུ་གྱི་ཁོང་བཀོག་བཞག་དེ། ད་རུང་གྲུའི་ནང་འཛུལ་ཞིནམ་ད་ཕར་ཁ་འབྱོན་སོ་ནུག།། ༡༤ སློབ་མ་ཚུ་གྱིས་བཟའ་ནི་བཞེས་གོ་ཚུ་སྦག་འགྱོ་ནི་བརྗེད་ཡོདཔ་ལས། སྲུའི་ནང་ཁུར་ལེབ་གཅིག་ལས་འགལ་ཁོང་ལུ་མེདཔ་ཨིནམ་པས།། ༡༥ ཡེ་ཤུ་གྱིས་ཁོང་ལུ། ཕ་རུ་ཤི་པའི་ཕབས་སྐྱུརཔོ་དང་ཧེ་རོ་དའི་ཕབས་སྐྱུརཔོ་ལས་ཁྱེད་ཚུ་དྲན་པ་བཏོན་ཟེར་བཀའ་གནང་ནུག།། ༡༦ གཅིག་གིས་གཅིག་ཁོང་རང་ནང་འཁོད་ལུ་དེ་སྦེ ཁུར་ལེབ་གཅིག་ལས་མེད་པའི བློ་སླབས་ནུག།། ༡༧ ཡེ་ཤུ་གྱིས་མཁྱེན་ཞིནམ་ལས་། ཁུར་ལེབ་སེད་ཟེར་སླབས་དགོཔ་ག་ཅིས་ཡོདཔ། ཁྱེད་ད་ལྟོ་ཡང་ཧ་མ་གོཝ་ཨིན་ན། ཁྱེད་ཚུའི་སེམས་སྔུག་དགོཔ་ག་ཅིས་ཡོདཔ།། ༡༨ མིག་ཏོ་ཡོད་རུང་ཁྱེད་ཀྱིས་མ་མཐོང་གམ། རྣམ་ཅོག་ཡོད་རུང་ཁྱེད་ཀྱིས་མ་གོ་གམ། ཁྱེད་ཀྱིས་ག་ཅིས་ཡང་མ་དྲན་གམ།། ༡༩ ང་གིས་མི་སྟོང་ཕྲག་ལྔ་ལུ་ཁུར་ལེབ་ལྔ་བཅགཔ་ད་ལུ། ཁྱེད་ཚུ་གྱིས་ཁུར་ལེབ་ཁམ་ཚད་རྩེ་པཝ་ལྷག་ལུས་ག་དེམ་ཅིས་བསྔུ་ཡི་ཟེར་ཕསུབསམ་ད་ལུ། ཁོང་གིས་བཅུ་གཉིས་ཟེར་ཞུ་ནུག།། ༢༠ མི་སྟོང་ཕྲག་བཞི་ལུ་ཁུར་ལེབ་བདུན་བཅགཔ་ད་ལུ། ལྷག་ལུས་ཁུར་ལེབ་རྩེཝ་ག་དེམ་ཅིས་ཁྱེད་ཚུ་གྱིས་བསྔུ་ཡི་ཟེར་གསུབསམ་ད། ཁོང་གིས་བདུན་ཟེར་ཞུནུག།། ༢༡ ཁོ་གྱིས་ཁོང་ཚུ་ལུ། ད་སྟོ་ཡང་ཁྱེད་ཀྱིས་ཧ་མ་གོཝག་ཅིས་ཨིནམ་ཟེར་གསུངས་ནུག།།
བེད་ས་ད་ལུ་མིག་ཞརཝ་གཅིག་གསོ་གནངམ།
༢༢ ཁོ་བེད་སའི་ད་ལུ་འབྱོནམ་ད། ཁོང་ཚུ་གྱིས་མིག་ཏོ་ཞིརཝ་ཡོད་མི་གཅིག་ཁོའི་སྐུ་མདུན་ལུ་འཁྱེད་འོངས་ཞིནམ་ད། ཁོའི་ཕྱག་དབང་གནང་ཟེར་གསོལཝ་བཏབ་ནུག།། ༢༣ མིག་ཞརཝ་དེའི་ལགཔ་འགུ་ཁོའི་ཕྱག་གིས་གཟུང་དི། ས་ཁྲོམ་ཕྱི་ཁར་འཁྱིད་ཞིནམ་ལས། ཁོའི་མིག་ཏོ་གཉིས་ལུ་ལྗགས་ཚིལ་གཏོར་ཏི། ཁོའི་མགུ་ཏོག་འགུ་ཕྱག་དབང་གནང་ཞིནམ་ད། ད་མཐོང་སྦེ་གམ་ཟེར་གསུངསམ་ད་ལུ།། ༢༤ ཁོ་གྱིས་མིག་ཏོ་ཡར་བལྟཝ་ད་ལུ། མི་རེ་རེ་མཐོང་ནུག། ཨིན་རུང་ཤིང་ཚུ་ལམ་འགྱོཝ་བཟུམ་མཐོང་ཡི་ཟེར་ཞུ་ནུག།། ༢༥ ད་རུང་ཁོའི་མིག་ཏོ་གཉིས་ལུ་ཕྱག་གཉིས་བཀལ་དི་ཁོ་ཡར་བལྟབཅུགཔ་ད་ལུ། ཁོ་གསོ་བར་མཛད་གནངམ་ལས་མི་རེ་རེ་བཞིན་གསལ་ཏོག་ཏོག་འབྱུང་ནུག།། ༢༦ ཁོ་རའི་ཁྱིམ་ལུ་ལོག་བཏང་དི་ཁྲོམ་ལུ་མ་སོངས་ཡང་ཅིན་ཁྲོམ་ནང་ག་ལུ་ཡང་མ་སླབས་ཟེར་བཀའ་གནང་ནུག།།
པི་ཏྲོའི་ཁས་བླངས།
༢༧ ཡེ་ཤུ་སློབ་མ་ཚུ་དང་བཅསཔ་སྦེ་གཡུལ་ཕྱོགས་ཀེ་སར་ཕི་ལི་པིའི་མཐའ་འཁོར་གྱིས་གཡུལ་ཚུ་ལུ་ཕེབས་སྟི། ལམ་བར་ནང་སློབ་མ་ཚུ་ལུ། མི་ཚུ་གྱིས་ང་ག་བཟུམ་འདུག་ཟེར་གསུངསམ་ད་ལུ།། ༢༨ ཁོང་ཚུ་གྱིས་ཁོ་ལུ། ལ་ལུ་གྱིས་ཁྲུས་གསོལ་པ་ཡོ་ཧ་ནན། ལ་ལུ་གྱིས་ཨི་ལི་ཇ། ལ་ལུ་གྱིས་ལུང་སྟོན་པ་ལས་གཅིག་ཨིན་པས་ཟེར་སླབས་མི་འདུག་ཞུཝ་ད།། ༢༩ ཡེ་ཤུ་གྱིས་ཁོང་ཚུ་ལུ། ཁྱོད་ཚུ་གྱིས་འབད་བ་ཅིན་ང་ག་བཟུམ་འདུག་ཟེར་གསུངས་བའི་ལེན་ལུ། པི་ཏྲོ་གྱིས། ཁྱོད་མ་ཤི་ཀ་ཨིན་པས་ཟེར་ཞུ་ནུག།། ༣༠ ཁོང་ཚུ་ལུ་ཁོའི་སྐོར་ལས་ག་ལུ་ཡང་མ་སླབས་ཟེར་དྲེན་བསྐུལ་སྦེ་གསུངས་ནུག།།
ཡེ་ཤུ་བཀྲོང་པའི་སྐོར་ལས་གསུངས་གནངམ།
༣༡ ཁོང་ཚུ་ལུ་ཡེ་ཤུ་གྱིས་། མིའི་བུ་སྡུག་བསྔལ་ལེ་ཤ་མྱོང་དགོཔ་། ཁོང་རྒན་ཤོས་དང་། བླམ་བླ་ཆེན་དང་། མཁན་པོ་ཚུ་གྱིས་མ་རངས་པར་ཁོ་བཀྲོང་ཞནམ་ད། བཞག་གསུམ་ལུ་སྐུ་གསོནཔོ་སྦེ་བཞེང་ནི་སྐོར་ལས་གསུངས་ནུག།། ༣༢ ཁོ་གྱིས་མངོན་སུམ་སྦེ་འདིའི་སྐོར་ལས་གསུངསམ་ད། པི་ཏྲོ་གྱིས་ཁོ་གདན་དྲེན་ཞུ་སྟི་ཚིག་སྟིངམ་འདི་ཞུཝ་ད།། ༣༣ ཁོ་གྱིས་སློབ་མ་ཚུ་ལུ་ཞལ་བསྒྱིར་དི་གཟིགས་ཞིནམ་ད་པི་ཏྲོ་ལུ་བཀའ་བཀྱོན་གནང་དི། བདུད་ཁྱོད། ང་ལས་རྒྱབ་ཤུལ་རྐྱབ། ཁྱོད་ཀྱིས་མནོ་བསམ་འདི་དཀོན་མཆོག་གིས་ཐུགས་འདོད་དང་མིན་པར་མིའི་མནོ་བསམ་ཨིན་པས་ཟེར་གསུངས་ནུག།། ༣༤ ཁོ་གྱིས་ཁོ་རའི་སློབ་མ་དང་མི་ཚུ་ཁོ་རང་ཡོད་སར་འབོ་ཞིནམ་ལས། ངི་རྟིང་བརྡའ་འོང་ནི་འདོད་པ་ག་ལུ་ཡོད་རུང་། ཁོ་གྱིས་ཁོ་རང་སྤངས་ཚུགསཔ་འབད་དགོ། དེ་ལས་ཁོ་རའི་ཁྲམ་ཤིང་སྦག་འདི་ངི་རྟིང་ཤུལ་ཤོག་ཟེར་བཀའ་གནང་ནུག།། ༣༥ ག་ར་ཨིན་རུང་ཁོ་རའི་སྲོག་བསྐྱབ་འབད་མི་དི་སྲོག་བྱངམ་ཨིན། འདི་འབདཝ་ད་ང་དང་ཕྲིན་བཟང་གིས་དོན་ལས་ཁོ་ག་གིས་ཁོ་རའི་སྲོག་འབྱང་པ་ཅིན་སྲོག་ནོ་སྐྱབས་འབད་ཚུགས།། ༣༦ ག་ཅིསམ་ཟེརན་མི་གཅིག་ལུ་འཛམ་གླིང་ཧྲིལ་པོ་ཁོ་གྱིས་ཐོབ་དི་འབད་རུང་། རང་སྲོག་བྱང་བ་ཅིན། ཁོ་ལུ་ག་ཅིས་ཕན་པ་ཡོདཔ།། ༣༧ ཡང་ཅིན་མི་གཅིག་གིས་ཁོ་རའི་སྲོག་ཚབ་ག་ཅིས་དང་བརྗེ་ནི་ཡོདཔ་སྨོ། ༣༨ ག་ཅིསམ་ཟེརན་མིག་གིས་ཨིན་རུང་ང་དང་ངི་གསུངས་ལུ་ངོ་ཚ་བར་ཅིན། ལོག་གཡེམ་དང་སྡིག་ཅན་མི་རབས་ཁོང་ལུ་ཡང་། མིའི་བུ་གྱིས་ཡབ་ཀྱི་གཟི་བརྗིད་ནང་ལུ། དམ་པའི་ཕོ་ཉ་དང་བཅསཔ་སྦེ་འབྱོན་པའི་སྐབས་ལུ་མི་དེ་ལུ་ཁོ་གྱིས་ཡང་ཞལ་བསྐྱེང་འོང་།།
ཡེ་ཤུ་གྱིས་བཟོ་རྣམ་འགྱུར་ཡོདཔ།
༄༅།། དེ་ལས་ཡེ་ཤུ་གྱིས་ཁོང་ཚུ་ལུ། ང་གིས་ཁྱེད་ལུ་བདེན་པར་སྦེ་སླབས་ཨིན། འདི་ཁར་ལུ་ལོངས་ཡོད་མི་ཁོང་དག་པ་གཅིག་གིས་དཀོན་མཆོག་གིས་རྒྱལ་སྲིད་དེའི་ནུས་སྟོབས་དེ་ཁོང་གིས་མ་མཇལ་བའི་བར་ནང་འཆི་བའི་བྲོཝ་མྱོང་མི་ཚུགས་ཟེར་གསུངས་ནུག།། ༢ ཞག་དྲུག་གིས་ཤུལ་ལས་ཡེ་ཤུ་གྱིས་པོ་ཏྲོ་དང་། ཡ་ཀོབ་དང་། ཡོ་ཧ་ནན་ཚུ་འཁྱིད་ཞིནམ་ལས་། རི་མཐོཝ་གཅིག་འགུ་ཕེབས་ཞིནམ་ད། ཁོང་ཚུ་གྱིས་གདོང་ཁར་ཁོའི་བཟོ་རྣམ་མ་འདྲཝ་སྦེ་འགྱུར་སོ་ནུག།། ༣ ནམ་བཟའ་འགུ་ལས་འོད་ཤར་དི། ས་གཞི་ལུ་ག་ཅིས་གྱིས་ཡང་འཁྱུ་མ་ཚུགས་པའི་འོད་དཀརཔོ་ཁཝ་བཟུམ་འབྱུར་ནུག།། ༤ ཁོང་ཚུའི་གདོང་ཁར་ཁོང་ཨི་ལི་ཇ་དང་མོ་ཤ་གཉིས་ཡེ་ཤུ་མཉམ་གསུངས་གྲོས་མཛད་ཡོདཔ་མཇལ་ནུག།། ༥ པི་ཏྲོ་གྱིས་ཡེ་ཤུ་ལུ། སྦོབ་དཔོན་ལགས། ང་བཅས་འདི་ཁར་ལུ་ལེགས་ཤོམ་འདུག། ཁྱོད་ཀྱིས་ཐུགས་དགྱེས་བ་ཅིན། ང་བཅས་ཀྱིས་འདི་ནང་ལུ་དབུ་གུར་གསུམ། ཁྱོད་ལུ་གཅིག། མོ་ཤ་ལུ་གཅིག། དེ་ལས་ཨི་ལི་ཇ་ལུ་གཅིག་བཞེངས་གིས་ཟེར་ཞུ་ནུག།། ༦ ག་ཅིསམ་ཟེརན་ཁོང་ཚུ་ག་ཅིག་དེ་འདྲོག་པའི་རྐྱེན་གྱིས། གང་ཡང་ཞུ་མ་ཤེས་པར་ཁོ་གྱིས་དེ་སྦེ་ཞུ་ཞུཝ་ཨིན་པས།། ༧ དེ་ཁར་ལུ་སྤྲིན་གཅིག་གིས་ཁོང་ཚུ་སྤུབས་བཞག་ཞིནམ་ལས། སྤྲིན་དི་ནང་ལས་གསུངས་སྥྲ་གཅིག་གིས། འདི་ང་དགའ་བའི་སྲས་འདི་ཨིན། ཁོ་ལུ་རྣཝ་ཉན་ཟེར་གསུངས་འབྱོན་ནུག།། ༨ ཁོང་ཚུ་དེ་ཕྲལ་ལས་ས་ཕྱོགས་ག་སྟི་བལྟ་རུང་། ཡེ་ཤུ་གཅིག་ཁོང་མཉམ་མ་གཏོགས་གཞན་གང་ཡང་མ་མཐོང་པས།། ༩ ཁོང་ཚུ་རི་ཁར་ལས་མར་བབས་ད་ལུ། མིའི་བུ་འཆི་བར་ལས་གསོནཔོ་མ་བཞེངས་བར་དུ་ག་ཅིས་མཐོང་ཡོདཔ་ཚུ་མི་ག་ལུ་ཡང་མ་སླབས་ཟེར་བཀའ་གནང་ནུག།། ༡༠ ཁོང་ཚུ་གྱིས་ཁོའི་གསུངས་ཚུ་སེམས་ཁར་བཞག་སྟི། འཆི་བར་ལས་གསོནཔོ་བཞིངས་ནི་དོན་ད་ག་ཅིས་ཨིན་ན་ཟེར་ཕར་ཚུར་འདྲི་བ་འདྲི་ལན་འབད་དི། ༡༡ ཁོང་ཚུ་གྱིས་ཡེ་ཤུ་ལུ་འི་ལི་ཇ་ཧེ་མ་འབྱོན་འོང་ཟེར་མཁན་པོ་ཚུ་གྱིས་ག་ཅིས་ལུ་སླབས་ཨིན་ན་ཟེར་ཞུཝ་ད་ལུ། ༡༢ ཁོང་ཚུའི་ལན་ལུ་ཁོ་གྱིས། ཨི་ལི་ཇ་ཧེ་མ་འབྱོན་ཞིནམ་ད་ག་ར་སླར་བསོ་བཟོ་འོང་། མིའི་བུ་དི་སྡུག་བསྔལ་ལེ་ཤ་མྱོང་བཅུག་དི་དམའ་ཕབ་འབད་འོང་ཟེར་འབྲིས་དི་འདུག།། ༡༣ འདི་འབདཝ་ད་ང་ཁྱེད་ལུ་སླབས་ཨིན། འི་ལི་ཇ་འབྱོན་ཚར་ཡི། ཁོའི་བསྐོར་ལས་འབྲིས་ཡོདཔ་བཟུམ་ཁོང་ཚུ་གྱིས་ཁོང་རའི་བློ་འདོད་བཞིན་དུ་ག་ར་འབད་ནུག་ཟེར་གསུངས་ནུག།།
བུ་ཚུ་གཅིག་གསོ་གནངམ།
༡༤ ཁོ་རའི་སློབ་མ་ཚུ་ཡོད་སར་ཕེབས་ད་ལུ། མི་ལེཤ་གྱིས་བསྐོར་ཏེ། ཁོང་མཁན་པོ་ཚུ་གྱིས་སློཔ་མ་ཚུ་མཉམ་བརྩོད་གླེང་བརྐྱབ་ཡོདཔ་གཟིགས་ནུག།། ༡༥ མི་གེ་ར་གྱིས་ཡེ་ཤུ་མཇལཝ་ད། ཡ་མཚན་ཆེཝ་ལས། ཁོའི་སྐུ་མདུན་ལུ་བརྒྱུགས་འོངས་ཞིནམ་ད་ཕྱག་འཚལ་ནུག།། ༡༦ ཁོ་གྱིས་ཁོང་མཁན་པོ་ཚུ་ལུ། ཁྱེད་ཚུ་ཁོང་མཉམ་ག་ཅིས་གྱིས་བརྩོད་གླེང འབདཝ་སྨོ་ཟེར་གསུངསམ་ད་ལུ།། ༡༧ མི་ཚུགས་ཀྱིས་སྦུག་ནང་ལས་མི་གཅིག་གི་ཁོ་ལུ། སློབ་དཔོན་ལགས། གདོན་ལྐུགས་པ་འཛུལ་ཡོད་མི་ངི་བུ་ཚུ་ཁྱོད་ཀྱིས་སྐུ་མདུན་ལུ་འཁྱིད་འོངས་འོངམ་ཨིན།། ༡༨ ཁོ་གདོན་འཛུལ་ཞིནམ་ལས་ཚུར། ས་ཁར་བགྱལ། ཁ་ལས་བཤན་ཐ་འཛགས་ནི་དང་། སོ་གཅིག་འདི་གཟུགས་སྐམ་འབདཝ་ལས། ཁྱོད་ཀྱིས་སློབ་མ་ཚུ་ལུ་གདོན་བཏོན་གནང་ཟེར་ཞུ་རུང་ཁོང་ཚུ་གྱིས་བཏོན་མ་ཚུགས་ཟེར་ཞུ་ནུག།། ༡༩ ཡེ་ཤུ་གྱིས་ཁོའི་ལན་ལུ། དབའི། དད་པ་མེད་པའི་མི་རྒྱུད། ང་ཁྱེད་མཉམ་ནམ་ཚུན་ཚོད་སྡོད་ནི། ནམ་ཚུན་ཚོད་ཁྱེད་མཉམ་དཀའཝ་དཔྱད་ནི་སྨོ། ཁོ་ང་ཡོད་སར་འཁྱེད་ཤོག་ཟེར་བཀའ་གནང་ནུག།། ༢༠ ཁོང་ཚུ་གྱིས་ཁོ་བཞུགས་སར་བུ་ཚུ་འདི་འཁྱིད་འོངས་ནུག། ཁོ་མཇལཝ་ཅིས་བུཚ་འདིའི་གདོན་མཐོན་འགྱོཝ་ད། ས་ཁར་འགྱེལ་དི། པཤན་ཐ་མཐོན་ཞིནམ་ལས། གཟུགས་པད་སྐོར་འགྱིར་ནུག། ༢༡ ཡེ་ཤུ་གྱིས་བུ་ཚུ་དེའི་ཨ་པ་ལུ། འདི་བཟུམ་ཁོ་ལུ་ནམ་ལས་འབྱུང་ཡོདཔ་སྨོ་ཟེར་གསུངསམ་ད་ལུ། འདི་ཆུང་ཀུ་བསྒང་ལས་འབྱུང་ཡོད་ཟེར་ཞུ་ནུག།། ༢༢ བུ་ཚུ་དེ་སྐབས་སྐབས་རེ་ཤི་ནིའི་ཐབས་ལུ་མེ་དང་ཆུ་ལུ་ལྕེབས་མས། ཁྱོད་ཀྱིས་མཛད་ཚུགས་པ་ཅིན་ང་བཅས་ལུ་ཐུགས་རྗེ་གཟིགས་སྟི་སྲོག་སྐྱབས་མཛད་གནང་ཟེར་ཞུཝ་ད་ལུ།། ༢༣ ཡེ་ཤུ་གྱིས་ཁོ་ལུ། ཁྱོད་ལུ་དད་པ་ཡོད་པ་ཅིན་ག་ཅིས་ཡང་དད་པ་ཡོད་མི་དེ་གྱིས་འབད་ཚུགས་ཟེར་གསུངས་ནུག།། ༢༤ བུ་ཚུ་ཨ་པདེ་མིག་ཆུ་མཐོན་དི་དེ་ཕྲལ་ལས་ང་ལུ་དད་པ་ཡོད། ང་དད་པ་མེད་པའི་སེམས་ལུ་སྐྱབས་མཛད་གནང་ཟེར་སྐད་སྦོམ་བཏོན་དི་ཞུ་ནུག།། ༢༥ ཡེ་ཤུ་གྱིས་མི་དམང་ཁོ་ཡོད་སར་རྒྱུ་གས་འོངམ་གཟིགས་ཞིནམ་ལས་གདོན་དེ་ལུ་བཀའ་བཀྱོན་གནང་དི། གདོན་གླེན་ལྐུགས་དང་བྱ་རྡུགས་ཁྱོད། ཁོའི་ནང་ན་ལོག་འཛུལ་ནི་མེདཔ་སྦེ་ཕྱི་མཐོན་ཤོག་ཟེར་བཀའ་གནངམ་ད་ལུ།། ༢༦ གདོན་དེ་གྱིས་སྐད་ངན་གནམ་མེད་ས་མེད་བརྐྱབས་ཞིནམ་ལས། ཁོའི་ནང་ན་ལས་ཕྱི་འཐོན་འགྱོཝ་ད། བུ་ཚུ་འདི་རོ་བཟུམ་འབྱུར་ཡོདཔ་ལས་ག་ར་གྱུས་ཁོ་ཤི་སོ་ནུག་ཟེར་སླབས་ནུག།། ༢༧ འདི་འབདཝ་ད་ཡེ་ཤུ་གྱིས་ཁོའི་ལགཔ་འགུ་གཟུང་ཏེ་ཡར་ལྷོངམ་ད་ཁོ་ལོངས་ནུག།། ༢༨ ཁོ་གཟིམ་ཅུང་ནང་ལུ་ཕེབས་ད་སློབམ་ཚུ་གྱིས་ཟུར་ཁ་ལས་ཁོ་ལུ། ང་བཅས་ཀྱིས་ག་དེ་སྦེ་ཁོའི་གདོན་བཏོན་གཏང་མ་ཚུགསཔ་ཨིན་ན་ཟེར་ཞུཝ་ད་ལུ། ༢༩ ཡེ་ཤུ་གྱིས་ཁོང་ལུ་། བགེགས་རིགས་ཚུ་སྨོན་ལམ་དང་སྤྱུང་གནས་ཀྱིས་མ་གཏོགས་པར་དེ་སྦེ་བཏོན་གཏང་མི་ཚུགས་ཟེར་གསུངས་ནུག།།
ཡེ་ཤུ་གྱིས་ཁོ་བཀྲོང་ནི་སྐོར་ལས་གསུངས་ཡོདཔ།
༣༠ དེ་ཁར་ལས་བཞེངས་ཞིནམ་ད། གཱ་ལི་ལི་ལས་བརྒྱུད་དི་འབྱོན་པའི་སྐབས། ག་གིས་ཡང་དེའི་སྐོར་ལས་མ་ཤེསཔ་སྦེ་མཛད་ནུག།། ༣༡ ཁོ་གྱིས་ཁོ་རའི་སློབ་མ་ཚུ་ལུ་བསླབ་བྱ་ཚུ་བསྟོན་དི་ཁོང་ལུ་དེ་སྦེ་གསུངས་ནུག། མིའི་བུ་དི་ཁོང་མི་ཚུའི་ལགཔ་ལུ་སྤྲོད་འོང་། ཁོང་གིས་ཁོ་བཀྲོང་འོང་། ཁོ་བཀྲོངས་བའི་ཤུལ་ལས་ཁོ་གྱིས་ཞག་གསུམ་ལུ་སྐུ་གསོན་པོ་སྦེ་བཞེངས་འོང་ཟེར་གསུངས་རུང་།། ༣༢ ཁོང་སློབ་མ་ཚུ་གྱིས་གསུངས་དེ་ཧ་མ་གོ་བར་ལོག་ཁོ་ལུ་ཞུ་ནི་ཡང་འདྲོག་ཆེ་ནུག།།
ག་ར་ལས་སྦོམ་ཤོས།
༣༣ ཁོ་ཀ་པེར་ན་ཧུམ་ལུ་ཕེབས་ཞིནམ་ལས་གཟིམ་ཅུང་ནང་བཞུགས་པའི་སྐབས། ཁོ་གྱིས་ཁོང་སློབ་མ་ཚུ་ལུ། ཁྱེད་ཚུ་ལམ་ཁར་ག་ཅིས་སྐོར་ལས་བློའོ་སླབས་ཟེར་འདྲི་བ་གནང་རུང་།། ༣༤ ལམ་ཁར་ལུ་ཁོང་རང་ནང་འཁོད་ལུ་སྦོམ་ཤོས་ག་ཨིནམ་ཟེར་བའོ་བློའོ་སླབས་ཡོདཔ་ལས་ཁ་བཙུམ་སྡོད་ནུག།། ༣༥ ཁོ་ས་ཁར་བཞུགས་ཞིནམ་ད། ཁོང་བཅུ་གཉིསཔ་དེ་འབོ་ཞིནམ་ད་ཁོང་ལུ། ག་གིས་དང་པ་ཐོབ་ནི་བློ་འདོད་ཡོད་པ་ཅིན། ག་ར་གྱིས་རྟིང་ཤུལ་ལུས་ཞིནམ་ད། ག་ར་གྱིས་གཡོག་བརྐྱབ་མི་སྦེ་འགྱུར་དགོ་ཟེར་གསུངས་ཞིནམ་ལས།། ༣༦ དེ་ལས་ཁོ་གྱིས་ཨ་ལོ་ཆུང་ཀུ་གཅིག་ཕྱག་ལུ་བསྣམས་འབྱོན་དི་ཁོང་སྦུག་ནང་ཁོ་རའི་སྐུ་པང་འགུ་བཞག་ཞིནམ་ད་ཁོང་ལུ།། ༣༧ ག་ར་ཨིན་རུང་ངི་མེང་ཐོག་ལུ་འདི་བཟུམ་ཨ་ལོ་ཆུང་ཀུ་གཅིག་ལུ་འབྱོན་པ་འབད་བ་ཅིན་ང་ལུ་ཡང་འབྱོན་པ་འབདཝ་ཨིན། ང་ལུ་འབྱོན་པ་འབད་མི་འདི་ང་ལུ་མེན་པར་ང་གཏང་མི་དེ་ལུ་འབྱོན་པ་འབདཝ་ཨིན་ཟེར་གསུངས་ནུག།།
ང་བཅས་རའི་མི།
༣༨ ཡོ་ཧ་ནན་གྱིས་ཁོ་ལུ། སློབ་དཔོན་ལགས། གཅིག་གིས་ཁྱོད་མཚན་ཐོག་ལུ་གདོན་བཏོན་གཏངམ་ང་བཅས་ཀྱིས་མཐོབ་ཡི། ཁོ་གྱིས་ང་བཅས་དང་ཆ་རོགས་མ་འབདཝ་ལས། ང་བཅས་ཀྱིས་ཁོ་ལུ་བཀག་ཅིས་ཟེར་ཞུཝ་ད།། ༣༩ ཡེ་ཤུ་གྱིས་ཁོ་ལུ། དེ་སྦེ་བཀག་མིན་དགོ། ག་ཅིསམ་ཟེརན་ངི་མིང་ཐོག་ལུ་རྟགས་མཚན་སྟོན་མི་གཅིག་ཡང་མེད་པར་ཤུལ་ལས་ང་ལུ་བློའོ་ངན་པ་སླབ་མི་མཐོན་འོང་ཟེར་གསུངས་ནུག།། ༤༠ ག་ཅིསམ་ཟེརན་ཁོང་བཅས་ལུ་དགྲ་མ་འབད་མི་དི་ང་བཅས་ང་ཐུག་ལུ་འབད་འོང་།། ༤༡ ག་དེ་སྦེ་ཟེར་བ་ཆིན་ཁྱེད་མ་ཤི་ཀའི་འབདཝ་ལས། ངི་མིང་ཐོག་ལུ་ཁྱོད་ལུ་འཐུང་ནིའི་ཆུ་ཕོརཔ་གང་འབྱིན་པ་ཅིན། ཁོའི་གསོལ་རས་རྩ་ལས་རླག་སྟོར་མི་འགྱོ་ཟེར་ང་གིས་ཁྱེད་ལུ་བདེན་པ་སྦེ་སླབས་ཨིན་ཟེར་གསུངས་ནུག།།
བར་ཆད་ལས་བརྟེན་དི་སྡིག་པ།
༤༢ འདི་ཨ་ལོ་ཆུའི་ནང་ལས་ང་ལུ་དད་པ་ཡོད་མི་གཅིག་ལུ་དད་པ་ལོག་བཅུག་མི་དི་ག་ཨིན་རུང་། ཁོའི་ཨོལ་ལྐོག་ཁར་རང་ཐག་གི་རྡོ་སྦོམ་བཏགས་ཏི་རྒྱ་མཚོ་གཏིང་ལུ་དབྱུག་བཀོག་རུང་དྲག།། ༤༣ ག་དེམ་ཅིས་འབད་ཁྱོད་རའི་ལགཔ་གྱིས་ཁྱོད་ལུ་ཉེས་པ་འབད་བ་ཅིན་གཅད་གཏང་། ལགཔ་གཉིས་གཅིག་ཁར་ཤི་ནི་མེད་པའི་མེའི་དམྱལ་ཁམས་ནང་འགྱོཝ་ལས། ལག་རྡུམ་འབྱུར་དི་ཚེ་མཐའ་མེད་པའི་ནང་འཛུལ་བར་ཁྱོད་དགའ།། ༤༤ ཁོང་བཟའ་མི་དམྱལ་བའི་འབུབ་ཡང་མི་ཤི། མེ་ལུ་ཡང་འཚིམས་ནི་མེད།། ༤༥ དེ་ལས་ཁྱོད་རའི་རྐངམ་གྱིས་ཉེས་པ་འབད་བ་ཅིན་གཅད་གཏང་། རྐངམ་གཉིས་གཅིག་ཁར་ཤི་ནི་མེད་པའི་མེའི་དམྱལ་ཁམས་ནང་འགྱོཝ་ལས། རྐངམ་ཞརཝ་འགྱུར་དི་ཚེ་མཐའ་མེད་པའི་ནང་འཛུལ་བར་ཁྱོད་དགའ།། ༤༦ ཁོང་བཟའ་མི་དམྱལ་བའི་འབུབ་ཡང་མི་ཤི། མེ་ལུ་ཡང་འཚིམས་ནི་མེད།། ༤༧ དེ་ལས་ཁྱོད་རའི་མིག་ཏོ་གྱིས་ཉེས་པ་འབད་བ་ཅིན་ཕྱི་བཏོན་གཏང་། མིག་ཏོ་གཉིས་གཅིག་ཁར་མེའི་དམྱལ་བ་འགྱོཝ་ལས། མིག་ཏོ་ཡ་གཅིག་སྦེ་དཀོན་མཆོག་གིས་རྒྱལ་སྲིད་ནང་ལུ་འཛུལ་བར་ཁྱོད་དགའ།། ༤༨ ཁོང་བཟའ་མི་དམྱལ་བའི་འབུབ་ཡང་མི་ཤི། མེ་ལུ་ཡང་འཚིམས་ནི་མེད་།། ༤༩ ག་ཅིསམ་ཟེརན་མི་རེ་རེ་བཞིན་དུ་མེ་གྱིས་བྲོཝ་བལྟ་འོང་། དེ་ལས་རེ་རེའི་དམར་མཆོད་དི་ཚྭ་དང་མཉམ་འགྱུར་འོང་།། ༥༠ ཚྭ་དི་ལེགས་ཤོམ་ཡོད་རུང་། ཚྭའི་བྲོཝ་ཡལ་འགྱོ་བ་ཅིན་ཚྭ་དི་ཁུངས་ག་ཅིས་ཡོདཔ། ཁྱེད་རའི་ནང་ན་ཚྭ་བཟུམ་འབྱུར་དགོཔ་ཨིན། གཅིག་གིས་གཅིག་ལུ་མཐུན་ཏོག་ཏོ་སྡོད་ཟེར་གསུངས་ནུག།།
ཕོ་མོ་གཉེན་བསྡོམ་ནི་དང་ཁ་འབྱལ་བའི་སྐོར་ལས།
༄༅།། དེ་ཁར་ལས་བཞེངས་ཞིནམ་ལས། ཡ་ཧུ་དཱའི་མཐའ་འཁོར་དང་འཇོར་དཱན་གྱིས་ཕར་ཁ་ལུངམ་ཕྱོགས་མཚན་ཚུ་ནང་ཕེབས་ད། ད་རུང་མི་ཚུགས་ཚུ་ཁོའི་སྐུ་མདུན་ལུ་སྤུངས་འོངས་ཏེ། དུས་རྒྱུན་བཟུམ་ད་རུང་ཁོང་ལུ་ཆོས་སྟོན་བཞུགས་ནུག།། ༢ ཕ་རུ་ཤི་པ་རེ་འོངས་ཞིནམ་ད། ཚོད་བལྟ་ནི་དོན་ལས་ཁོ་ལུ། ཕོ་སྐྱེས་གཅིག་གིས་ཁོ་རའི་ཨམ་སྲུ་དང་ཁ་འབྱལ་མཆོག་གམ་ཟེར་ཞུཝ་ད་ལུ།། ༣ ཡེ་ཤུ་གྱིས་ཁོང་གྱིས་ལན་ལུ། མོ་ཤཱ་གྱིས་ཁྱེད་ལུ་ག་ཅིས་བཀའ་གནང་ནུག་ཟེར་གསུངསམ་ད་ལུ།། ༤ ཁོང་གིས། མོ་ཤཱ་གྱིས་བཀའ་ནང་ཡིག་ཐིའུ་སྤྲོད་དི་ཁ་འབྱལ་མཆོག་ཟེར་དེ་སྦེ་འདུག་ཞུཝ་ད་ལུ།། ༥ ཡེ་ཤུ་གྱིས་ཁོང་ལུ། ཁྱེད་ཚའི་སེམས་ས་བཀྲག་ཡོདཔ་ལས། ཁོ་གྱིས་ཁྱེད་ལུ་ཁྲིམས་ལུགས་འབྲིས་ནུག།། ༦ འཛམ་གླིང་བཀོད་ཞིནམ་ལས་ཚུར་དཀོན་མཆོག་གིས་ཁོང་ཕོ་དང་མོ་འབད་བསྐོས་གནང་ནུག།། ༧ འདི་འབདཝ་ལས་ཕོ་སྐྱེས་གཅིག་གིས་ཁོ་རའི་ཨ་པ་དང་ཨའི་བཀོག་བཞག་ཞིནམ་ད་ཨམ་སྲུ་མཉམ་མགུ་བསྔོམ་ཨིན།། ༨ ཁོང་གཉིས་གཅིག་ཁར་བསྡོམས་དི་ཤ་གཟུགས་གཅིག་ལུ་འགྱུརཝ་ལས། ཁོང་གཉིས་མིན་པར་ཤ་གཅིག་ཨིན།། ༩ འདི་འབདཝ་ལས་དཀོན་མཆོག་གིས་གཅིག་འབད་བཀོད་གནངམ་དེ་ལུ། ཕོ་སྐྱེས་ཀྱིས་ཁ་མ་འབྱལ་བར་ཅིན་དྲག་འོང་ཟེར་གསུངས་ནུག།། ༡༠ གཟིམ་ཅུང་ནང་ལུ་ཁོའི་སློབ་མ་ཚུ་གྱིས་དེའི་སྐོར་ལས་ད་རུང་ཡང་ཁོ་ལུ་ལོག་དི་གསུང་གནང་ཟེར་ཞུཝ་ད་ལུ།། ༡༡ ཡེ་ཤུ་གྱིས་ཁོང་ལུ། ག་གིས་ཁོ་རའི་ཨམ་སྲུ་ཁ་འབྱལ་དི་གཞན་མཉམ་གཉེན་བརྐྱབ་བ་ཅིན། ཁོ་གྱིས་ལོག་གཡེམ་འབདཝ་ཨིན།། ༡༢ དེ་ལས་ཨམ་སྲུ་གཅིག་གིས་མོ་རའི་རྨགཔ་དང་ཁ་འབྱལ་དི་གཞན་མཉམ་གཉེན་བརྐྱབ་འབད་བ་ཅིན། མོ་གྱིས་ལོག་གཡེམ་འབདཝ་ཨིན་ཟེར་གསུངས་ནུག།། ༡༣ མི་ཚུ་གྱིས་ཁོའི་སྐུ་མདུན་ལུ་ཨ་ལོ་ཆུང་ཀུ་ཚུ་ཕྱག་དབང་ཞུ་ནི་སྦེ་འཁྱེད་འོངམ་ད་ལུ། སློབ་མ་ཚུ་གྱིས་ཁོང་ལུ་འཚོགས་བརྡའ་བཏངམ་ད།། ༡༤ ཡེ་ཤུ་གྱིས་གཟིགས་ཞིནམ་ལས་ཁོང་ལུ་དགོངསམ་ཁྲེལ་དི། དཀོན་མཆོག་གིས་རྒྱལ་སྲིད་དི་ཁོང་བཟུམ་གྱིས་ངོན་ལུ་ཨིན། ཨ་ལོ་ཚུ་མ་བཀག་པར་ང་ཡོད་སར་གཏང་།། ༡༥ ང་གིས་ཁྱེད་ལུ་བདེན་པ་སྦེ་སླབས་ཨིན། དཀོན་མཆོག་གིས་རྒྱལ་སྲིད་འདི་ཁོང་ག་ཨིན་རུང་ཨ་ལོ་བཟུམ་མ་འབྱུར་བ་ཅིན། ཁོ་གྱིས་དེའི་ནང་ན་རྩ་ལས་འཛུལ་མི་ཚུགས་ཟེར་གསུངས་ནུག།། ༡༦ ཁོ་གྱིས་ཨ་ལོ་ཚུ་སྐུ་ཕང་ལུ་བསྣམས་ཞིནམ་ལས། ཕྱག་དབང་དང་འབྱིན་བརླབས་ཚུ་གནང་ནུག།།
ད་པོན་གཞོན་ཅུང་གཅིག་གིས་སྐོར།
༡༧ ཡེ་ཤུ་ལམ་བརྡའ་འབྱོན་པའི་སྐབས་ལུ། མི་གཅིག་སྐུ་མདུན་ལུ་རྒྱུགས་འོབས་ཞིནམ་ད། པུས་མོ་ས་ཁར་བཙུགས་ཏེ། ཁོ་ལུ་སློབ་དཔོན་ལེགས་ཤོམ། ང་གིས་ཚེ་མཐའ་མེད་ཐོབ་ནི་དོན་ལས། ག་ཅིས་འབད་དྲག་གམ་ཟེར་ཞུཝ་ད།། ༡༨ ཡེ་ཤུ་གྱིས་ཁོ་ལ། ཁྱོད་ང་ལུ་ལེགས་ཤོམ་ཟེར་ག་ཅིས་སྦེ་སླབས་སྨོ། ལེགས་ཤོམ་ཟེར་མི་དཀོན་མཆོག་གཅིག་ལས་མ་གཏོགས་གཞན་གང་ཡང་མེད།། ༡༩ ཁྱོད་ཀྱིས་བཀའ་ཁྲིམས་ཚུ་ཤེས། འདོད་ཆགས་ཀྱིས་བཀྲ་མ་ཤིསཔ་མ་འབད། མི་མ་གསད། ཨརཝ་མ་རྐུ། བདེན་པ་མེད་པའི་འཛོམས་དཔང་མ་འབད། མགུ་སྐོར་མ་བརྐྱབ། ཨ་པ་དང་ཨའི་ལུ་གུས་ཞབས་འབད་ཟེར་ཡོདཔ་ཨིན་གསུངསམ་ད་ལུ།། ༢༠ ཁོ་གྱིས་ཡེ་ཤུ་ལུ། སློབ་དཔོན། དེ་ཚུ་ག་ར་ང་གིས་ཆུང་ཀུ་བསྒང་ལས་རང་གནས་དི་ཡོདཔ་ཨིན་ཞུ་ནུག།། ༢༡ ཡེ་ཤུ་གྱིས་ཁོ་ལུ་གཟིགས་དི་བྱམས་པ་སྙིང་རྗེ་སྐྱེད་དི་ཁོ་ལུ། ཁྱོད་ལུ་མ་ཚངམ་གཅིག་འདུག། ཁྱོད་སོང་ཞིནམ་ད། ག་ཅིས་ཡོད་མི་ག་ར་བཙོང་ཞིནམ་ད་མི་སྤྱང་ཀ་ཚུ་ལུ་འབྱིན། དེ་ལས་ཁྱོད་ལུ་ཞིང་ཁམས་ཀྱིས་རྒྱུ་ནོར་ཐོབ་འོང་། དེ་ལས་འོངས་ཞིནམ་ད་ཁྲམ་ཤིང་སྦག་འདི་ངི་སྟིང་ཤུལ་ཤོག་ཟེར་གསུབས་ནུག།། ༢༢ དེ་སྦེ་རྣཝ་གོ་ཞནམ་ད་མི་གཞོནམ་འདི་སེམས་མ་དགའ་བར་ཡར་སོ་ནུག། ག་ཅིསམ་ཟེརན་ཁོ་ལུ་རྒྱུ་ནོར་མང་རབ་ཅིས་ཡོདཔ་ཨིན་པས།། ༢༣ ཡེ་ཤུ་གྱིས་མཐའ་སྐོར་ལུ་གཟིགས་ཞིནམ་ད། དེ་ལས་ཁོ་རའི་སློབ་མ་ཚུ་ལུ། ཕྱུགཔོ་དང་རྒྱུ་ནོར་ཡོད་མི་ཚུ་དཀོན་མཆོག་གིས་རྒྱལ་སྲིད་ནང་ལུ་ལྷོད་པ་ལཱ་ཁག་ཨིན་ཟེར་གསུངས་ནུག།། ༢༤ སློབ་མ་ཚུ་ཁོའི་གསུངས་ལུ་ཡ་མཚན་ཆེ་ནུག། ད་རུང་ཡེ་ཤུ་གྱིས་ཁོང་ལུ། ཨ་ལོ་ཚུ། ཁོང་ཕྱུགཔོ་རྒྱུ་ནོར་ལུ་བློ་གཏད་མི་ཚུ་དཀོན་མཆོག་གི་རྒྱལ་སྲིད་ནང་ལྷོད་པ་ལཱ་ཁག་བརྐྱབ་ན།། ༢༥ མི་ཕྱུགཔོ་གཅིག་གིས་དཀོན་མཆོག་གིས་རྒྱལ་སྲིད་ནང་ལུ་འཛུལ་བ་ལས་རྔ་མོང་གཅིག་གིས་བཙེམ་ཁབ་ཀྱིས་བདོང་ནང་ལས་འཛུལ་བ་འཇམ་ཟེར་གསུངས་ནུག།། ༢༦ ཁོང་ཚུ་ཡ་མཚན་ཆེཝ་ལས་ཁོང་རང་ནང་འཁོད་ལུ། དེ་སྦེ་ཨིན་པ་ཅིན་ཐར་ལམ་ཐོབ་མི་ག་ཡོདཔ་ཨིན་ན་ཟེར་ཞུཝ་ད་ལུ།། ༢༧ ཡེ་ཤུ་ཁོང་ལུ་གཟིགས་ཞིནམ་ད། མི་གྱིས་འབད་མ་ཚུགསཔ་དི། དེ་སྦེ་དཀོན་མཆོག་ལུ་མེད། ག་ཅིསམ་ཟེརན་དཀོན་མཆོག་གིས་ག་ར་མཛད་ཚུགས་ཟེར་གསུངསམ་ད་ལུ།། ༢༨ དེ་ལས་པི་ཏྲོ་གྱིས་ཁོ་ལུ། གཟིགས་གནང་། ང་བཅས་ག་ཅིས་ཡོདཔ་ག་ར་སྤངས་ཞིནམ་ལས་ཁྱོད་ཀྱིས་རྟིང་ཤུལ་འོངས་འོངམ་ཨིན་ཞུཝ་ད་ལུ།། ༢༩ ཡེ་ཤུ་གྱིས་ཁོ་ལུ། ང་གིས་ཁྱེད་ལུ་བདེན་པ་སྦེ་སླབས་ཨིན། ང་དང་ཕྲིན་བཟང་གི་དོན་ལུ་ཁྱིམ་དང་། ཕོ་སྤུན། མོ་སྤུན་ཚུ། ཨ་པ། ཨའི། གནས་ཚང་། བུ་ཚུ། བུ་མོ། ས་གཞི་ཚུ་སྤངས་ཞིནམ་ལས་འོང་མི་ག་ཡང་མེད།། ༣༠ འདི་འབདཝ་ད། ད་སྟོ་ཚེ་འདི་ནང་གནོད་ཚེར་མྱོང་མི་ལུ། ཁྱིམ་དང་། ཕོ་སྤུན། མོ་སྤུན་ཚུ། ཨའི་དང་། བུ་ཚུ་བུ་མོ། ས་གཞི་ཚུ་ལོག་དི་བརྒྱ་བཏབ་སྦེ་ཐོབ་མ་ཚད། འཛམ་གླིང་མ་འོངས་པའི་དུས་ལུ་ཡང་ཚེ་མཐའ་མེད་ཐོབ།། ༣༡ འདི་འབདཝ་ད། མང་ཤོས་ར་ཧེ་མ་ཡོད་མི་དི་རྟིང་མ་ལུས། རྟིང་མ་ཡོད་མི་དེ་ཧེ་མ་འགྱུརཝ་ཨིན་ཟེར་གསུངས་ནུག།།
ཁོ་བཀྲོང་བའི་སྐོར་ལས་ཚར་གསུམ་གསུངས་ཡོདཔ།
༣༢ དེ་ལས་ཁོང་ཚུ་ཡེ་རུ་ཤ་ལེམ་ལུ་འབྱོན་པའི་ལམ་ཁར། ཁོང་གིས་ཧེ་མ་ཡེ་ཤུ་འབྱོནམ་ལས། ཁོང་ཚུ་ཡ་མཚན་ཆེ་དེ་རྟིང་བརྡའ་འགྱོཝ་ད་ཁོང་འདྲོག་ཡོདཔ་ཨིན་པས། ཁོ་གྱིས་ཁོང་བཅུ་གཉིསཔ་དེ་འཁྱིད་ཞིནམ་ལས། ཁོ་ལུ་ག་ཅིས་འབྱུང་ནི་ཨིནམ་ཚུ་ཁོང་ལུ་བཤད་གནང་ནུག།། ༣༣ བལྟ། ང་བཅས་ཡེ་རུ་ཤ་ལེམ་ལུ་འགྱོ་ཞིནམ་ལས། མིའི་བུ་བླམ་བླ་ཆེན་དང་མཁན་པོ་ཚུ་གྱིས་ལགཔ་ལུ་སྤྲོད་འོང་། ཁོང་ཚུ་གྱིས་ཁོ་བཀྲོང་ནི་སྦེ་ཁྲིམས་བཅད་ཞིནམ་ད། ཕྱི་པ་ཚུའི་ལགཔ་ལུ་ཚུད་འོང་།། ༣༤ ཁོང་ཚུ་གྱིས་ཁོ་ལུ་སྨདཔ་བརྐྱབས། མཆིལ་མ་གཏོར། རྟེ་ལྕག་གིས་བརྡུངས་ཏེ་ཁོ་བཀྲོང་འོང་། ཞག་གསུམ་འགྱོཝ་ད་ཁི་གྱིས་སྐུ་གསོནཔོ་བཞེང་འོང་ཟེར་གསུངས་ནུག།།
ཡ་ཀོབ་དང་ཡོ་ཧ་ནན་གྱིས་ཞུ་གསོལ།
༣༥ ཛི་བེད་དེའི་བུ་ཚུ་ཡ་ཀོབ་དང་ཡོ་ཧ་ནན་གཉིས་ཁོའི་སྐུ་མདུན་ལུ་འོངས་ཞིནམ་ད་ཁོ་ལུ། སློབ་དཔོན་ལགས། ང་བཅས་ག་ཅིས་ཞུ་མི་དི་ང་བཅས་ཀྱིས་འདོད་པ་བཞིན་དུ་མཛད་གནང་ཟེར་གསོལཝ་བཏབ་ད་ལུ། ༣༦ ཡེ་ཤུ་གྱིས་ཁོ་ལུ། ཁྱེད་ཚུའི་དོན་ལས་ང་གིས་ག་ཅིས་འབད་དགོ་ནི་སྨོ་ཟེར་གསུངས་ནུག།། ༣༧ ཁོང་ཚུ་གྱིས་ཁོ་ལུ། ཁྱོད་ཀྱི་གཟི་བརྗིད་ནང་ན་ང་བཅས་གཅིག་ཁྱོད་ཀྱིས་གཡས་ཁ་ཐུག་དང་། གཅིག་ཁྱོད་ཀྱི་གཡོན་ཁ་ཐུག་ལུ་སྡོད་ནི་ཡོདཔ་ཅིས་བཀའ་དྲིན་སྐྱངས་གནང་ཞུ་ནུག།། ༣༨ དེ་ལུ་ཡེ་ཤུ་གྱིས། ཁྱེད་ཀྱིས་ག་ཅིས་ཞུཝ་ཁྱེད་ཚུ་གྱིས་མ་ཤེས། ང་གིས་འཐུང་བའི་ཕོརཔ་ལས་ཁྱེད་ཚུ་གྱིས་འཐུང་ཚུགས་གམ། ང་གིས་ཞུ་བའི་ཁྲུས་གསོལ་དེ་ཁར་ལས་ཁྱེད་ཀྱིས་ཁྲུས་གསོལ་ཞུ་ཚུགས་གམ་ཟེར་གསུངསམ་ད་ལུ།། ༣༩ ཁོང་ཚུ་གྱིས་ཚུགས་ལགས་ཟེར་ཞུ་ད། ཡེ་ཤུ་གྱིས་། ང་གིས་འཐུང་བའི་ཕོརཔ་དེ་ཁྱེད་ཚུ་གྱིས་འཐུང་འོང་། ང་གིས་ཞུ་མི་ཁྲུས་གསོལ་དི་ཁྱེད་ཚུ་གྱིས་ཞུ་འོང་།། ༤༠ འདི་འབདཝ་ད་ངི་གཡས་དང་གཡོན་ལུ་བཞག་ནིའི་དབང་ཚད་ང་ལུ་མེད། ག་གིས་དོན་ལས་བཞག་ཡོདཔ་དེ་ཚུ་གྱིས་སྡོད་ནི་ཐོབ་འོང་ཟེར་གསུངས་ནུག།། ༤༡ ཁོང་སློབ་མ་བཅུ་ཐམས་དེ་གྱིས་དེ་སྦེ་རྣཝ་གོ་ཞིནམ་ལས། ཡ་ཀོབ་དང་ཡོ་ཧ་ནན་ལུ་ཁོངས་ཁྲོ་ལངས་ནུག།། ༤༢ ཡེ་ཤུ་གྱིས་ཁོང་ཚུ་ཁོ་ཡོད་སར་འབོ་ཞིནམ་ད་ཁོང་ལུ། ཁོང་དཔོན་ཨིན་ཟེར་བསམ་མི་ཚུ་གྱིས་ཕྱི་པ་ཚུ་ལུ་དབང་སྲིད་སྐྱོངས་ནི་འབད་རུང་། ཁོང་ལས་སྦོམ་མི་ཚུ་གྱིས་ཁོང་གིས་དབང་ཆ་བཟུང་ཡོདཔ་ཁྱེད་ཀྱིས་ཤེས།། ༤༣ འདི་༢བདཝ་ད་ཁྱེད་ཚུའི་ནང་འཁོད་དེ་སྦེ་མི་འབྱུང་། ཁྱེད་ཚུའི་སྦུག་ནང་ལས་ག་སྦོམ་མི་དེ་གྱིས་ཁྱེད་ཀྱིས་བྱ་རོགས་འབད་དགོ་།། ༤༤ དེ་ལས་ཁྱེད་ཚུ་ལས་ག་གིས་སྦོམ་འགྱུར་ནི་འདོད་པ་ཡོད་མི་དི། གེ་ར་གྱིས་བྱ་རོགས་ལུ་འབྱུར་དགོ་།། ༤༥ འདི་བཟུམ་མིའི་བུ་ཡང་ཞབས་ཏོག་ལེན་མི་འབད་བར་མ་འབྱོན། ཞབས་ཏོག་ཞུ་བ་དང་། ག་ར་གྱིས་སྲོག་ཚབ་ལུ་རང་སྲོག་གཏང་བའི་དོན་ལུ་འབྱོན་འབྱོནམ་ཨིན་ཟེར་གསུངས་ནུག།།
མིག་ཞརཝ་གཅིག་གསལ་གནངམ།
༤༦ ཁོང་ཚུ་ཇེ་རི་ཀོ་ལུ་ཟེར་ས་ལུ་ཕེབས་ཞིནམ་ལས། ཇེ་རི་ཀོ་ལས་ཁོ་རའི་སློབ་མ་ཚུ་དང་མི་དམང་བཅསཔ་སྦེ་ཕྱི་འཐོན་འབྱོནམ་ད་ལུ། ཏི་མའི་བུ་བཱར་ཏི་མ་ཟེར་མི་མིག་ཞརཝ་ལྷངམ་བརྐྱབ་མི་གཅིག་ལམ་ཁར་སྡོད་ཡོདཔ་ཨིན་པས།། ༤༧ ཁོ་གྱིས་ན་ཙ་རེད་པ་ཡེ་ཤུ་ཨིནམ་རྣཝ་གོ་ཞིནམ་ལས། ཁོ་གྱིས་ད་འུད་ཀྱིས་སྲས་ཡེ་ཤུ་ལགས། ང་ལུ་ཐུགས་རྗེ་གཟིགས་གནང་ཟེར་བྱེལ་སྐད་བརྐྱབས་ནུག།། ༤༨ མི་ལེ་ཤ་གྱིས་ཁོ་བཀག་རུང་། ཁོ་གྱིས་ད་འུད་ཀྱིས་སྲས་ལགས། ང་ལུ་ཐུགས་རྗེ་གཟིགས་གནང་ཟེར་ཧེང་བཀལ་བྱེལ་སྐད་བརྐྱབས་ནུག།། ༤༩ ཡེ་ཤུ་དེ་ཁར་ཨ་ཙི་བཞེངས་ཞིནམ་ད། ཁོ་འབོ་ཤོག་ཟེར་བཀའ་གནང་ནུག། ཁོང་གིས་མིག་ཞརཝ་དེ་འབོ་ཞིནམ་ད་ཁོ་ལུ། ཁྱོད་སེམས་དགའཝ་སྦེ་སྡོད། ལོངས། ཁོ་གྱིས་ཁྱོད་ཤོག་ཟེར་བའི་བཀའ་གནང་ཡི་ཟེར་སླབས་ནུག།། ༥༠ ཁོ་གྱིས་བགོ་ལ་ཚུ་ཡང་དབྱུགས་བཀོག་དི་ཡར་ལོངས་ཏེ་ཡེ་ཤུ་བཞུགས་སར་འོངས་ནུག།། ༥༡ ཡེ་ཤུ་གྱིས་ཁོ་ལུ། ང་གིས་ཁྱོད་དོན་ལུ་ག་ཅིས་འབད་དགོཔ་ཡོདཔ་གསུངསམ་ད་ལུ། མིག་ཞརཝ་གྱིས་ཁོ་ལུ། གཙོ་བོ་ལགས། དི་སིག་ཏོ་ཞིརཝ་འདི་གསལ་གནང་ཟེར་ཞུ་ནུག།། ༥༢ ཡེ་ཤུ་གྱིས་ཁོ་ལུ། སོང་། ཁྱོད་རའི་དད་པ་གྱིས་ཁྱོད་གསལ་བར་འགྱུརཝ་ཨིན་ཟེར་བཀའ་གནངམ་ཅིས། དེ་ཕྲལ་ལས་ཁོའི་མིག་ཏོ་མཐོང་དི་ཡེ་ཤུ་རྟིང་ཤུལ་སོངས་ནུག།།
༄༅།། དེ་ལས་ཁོང་ཡེ་རུ་ཤ་ལེམ་དང་སྐྱུར་ཤིང་གྱིས་རི་ལུ་བེད་ཕ་གེ་དང་བེད་ཐཱ་ནི་ལུ་ཕེབས་ད། ཡེ་ཤུ་གྱིས་ཁོ་རའི་སློབ་མ་གཉིས་གཏང་ཞིནམ་ད་དེ་སྦེ་བཀའ་གནང་ནུག།། ༢ ཕར་ཁར་ཡོད་པའི་གྲོང་གསེབ་ནང་སོང་། དེ་ཁར་ལྷོདཔ་ད་ལུ། ག་གིས་ཡང་མ་གཞོན་པའི་བོང་ཀུ་གཅིག་ཐགཔ་བཏགས་ཡོདཔ་མཐོང་འོང་། ཐགཔ་ཤུབ་ཞིནམ་ད་བོང་ཀུ་དེ་འཁྱེད་ཤོག།། ༣ མི་ག་གིས་ཁྱེད་གཉིས་ལུ་འདི་ག་ཅིས་འབད་ནི་ཟེར་འདྲི་བ་ཅིན། གཙོ་བོ་ལུ་དགོཔ་ཨིན་ཟེར་སླབ། ཁོ་གྱིས་དེ་ཕྲལ་ལས་གཏང་འོང་ཟེར་གསུངས་ནུག།། ༤ ཁོང་གཉིས་སོངས་ཞིནམ་ལས། སྒོ་ཡོད་སར་ཐགཔ་བཏགས་དི་ལམ་ཁ་གྲམ་ལུ་ཡོད་པའི་བོང་ཀུ་འདི་ཁོང་གི་ཐགཔ་ཤུབས་ད་ལུ།། ༥ དེ་ཁར་ཡོད་མི་ལ་ལུ་གཅིག་གིས་ཁོང་ལུ། ག་ཅིས་སྦེ་བོང་ཀུ་ཐགཔ་ཤུབས་སྨོ་ཟེར་འདྲིཝ་ད།། ༦ ཁོང་ཚུ་གྱིས་ཡེ་ཤུ་གྱིས་བཀའ་གནང་གནངམ་ཨིན་ཟེར་སླབས་ད་ལུ། ཁོང་གཉིས་གཏང་ནུག།། ༧ བོང་ཀུ་འདི་ཁོ་གཉིས་ཀྱིས་ཡེ་ཤུ་སྐུ་མདུན་ལུ་འཁྱེད་འོངས་ཞིནམ་ད། ཁོ་རའི་བགོ་ལ་ཚུ་བོང་ཀུ་འགུ་བ་ཀབས་ཏེ། ཡེ་ཤུ་བོང་ཀུ་དེ་འགུ་ཆིབས་ནུག།། ༨ མི་ལེ་ཤ་ཁོང་རའི་བགོ་ལ་ཚུ་ག་ར་འབྱོན་ལམ་འགུ་ལུ་བཏིང་། ལ་ལུ་གཅིག་གིས་ཤིང་གིས་ཞ་ལག་ཚུ་གཅད་དི་འབྱོན་ལམ་འགུ་ལས་བ་ཀྲམས་ནུག།། ༩ མི་ཚུ་ག་ར་ཁོའི་སྐུ་རྒྱབ་དང་སྐུ་མདུན་ལུ་གྱལ་འགྱིགས་དི་སྐད་སྦོམ་བརྐྱབས་ཏེ། ཧོ་སཱ་ན། རྫོང་ཁའི་སྐད་ལུ་སྐྱབས་སུ་ཆིའོ། གཙོ་བོའི་མཚན་ཐོག་ལུ་འབྱོན་མི་ཁོ་ལུ་བཀྲ་ཤིས་ཤོག།། ༡༠ ང་བཅས་ཡབ་དཱ་འུད་ཀྱིས་རྒྱལ་སྲིད་འབྱིན་རླབས་བཀྲ་ཤིས་ཡོད། གཙོ་བོའི་མཚན་ལས་བཀུན་དབང་ལུ་ཧོ་ས་ན་ཟེར་ཞུ་ནུག།། ༡༡ ཡེ་ཤུ་ཡེ་རུ་ཤ་ལེམ་ནང་ཕེབས་སྟི། ཆོས་ཁང་ནང་འབྱོན་དི་ག་སྟི་གུ་སྟི་མེད་པར་གཟིགས་ཞིནམ་ད། གནམ་སྲོ་བའི་སྐབས་ལུ། ཁོང་བཅུ་གཉིསཔ་དང་བཅསཔ་སྦེ་བེད་ཐ་ནི་ལུ་འབྱོན་ནུག།།
ལྕོང་ཤིང་འབྲས་བུ་མེདཔ་ལུ་འགྱུར་ཡོདཔ།
༡༢ དེའི་ནངས་པར་ཁོང་ཚུ་བེད་ཐ་ནི་ལས་འབྱོནམ་ད། ཁོ་གསོལཝ་སྨྱུང་དི། ༡༣ ཐག་རིང་སར་ལས་འདབ་མ་ཡོད་པའི་ལྕོང་ཤིང་གཅིག་གཟིགས་ཏེ། དེ་ཁར་ག་ཅིས་བཞེས་ནི་གཅིག་ཐོབ་འོང་ཟེར་ཐུགས་དགྱེས་འདི་འབྱོན་རུང་། ལྕོང་ཤིང་འབྲས་བུའི་དུས་མེདཔ་ལས་འདབ་མ་ལས་མ་ཏོག་ག་ཅིས་ཡང་མ་ཐོབ་པས།། ༡༤ ཡེ་ཤུ་གྱིས་ཤིང་དེ་ལུ། ཤུལ་ལས་མི་ག་གིས་ཡང་ཁྱོད་ལས་ཤིང་འབྲས་ནམ་ཡང་མི་བཟའ་ཟེར་གསུངས་ཡོདཔ་དི་སློབ་མ་ཚུ་གྱིས་རྣཝ་གོ་ནུག།།
ཆོས་ཁང་གཙང་སྦྲ་བཟོ་གནངམ།
༡༥ དེ་ལས་ཁོང་ཚུ་ཡེ་རུ་ཤ་ལེམ་ནང་ཕེབས་ཞིནམ་ད། ཡེ་ཤུ་མཆོད་ཁང་ནང་ལུ་འབྱོན་དི་དེ་ཁར་ཉོ་ཚོང་ཐབས་མི་ཚུ་ཕྱི་ཁར་བཏོན་གཏང་དི། དངུལ་ཕར་ཚུར་སྤྲོད་ལེན་འབད་མི་ཚུ་གྱིས་ལྕོག་རྩེ་དང་། ཕུར་ཀྲོ་བཙོང་མི་ཚུ་གྱིས་སྡོད་ཁྲི་ཚུ་དབྱུགས་བཀོག་ཞིནམ་ད།། ༡༦ མི་ག་ལུ་ཡང་མཆོད་ཁང་ལས་བརྒྱུད་དི་ཡོ་བྱད་སྦག་ནི་མ་གནང་པས།། ༡༧ ཁོ་གྱིས་ཆོས་སྟོན་དི་ཁོང་ལུ། ངི་ཕོ་བྲང་འདི་མི་རིགས་ག་ར་གྱིས་དོན་ལུ་སྨོན་ལམ་ཁང་ཁྱིམ་ཨིན་ཟེར་འབྲིས་དི་མིན་འདུག་གམ། ཨིན་རུང་ཁྱེད་ཚུ་གྱིས་ཨརཝ་རྐུ་མིའི་སྡོད་ཁྱིམ་བཟུམ་བཟོ་གཏང་ནུག་ཟེར་གསུངས་ནག།། ༡༨ མི་ག་ར་ཁོའི་གསུངས་ལུ་ཡ་མཚན་ཆེཝ་ལས། ཁོང་བླམ་བླ་ཆེན་དང་མཁན་པོ་ཚུ་གྱིས་དེ་སྦེ་རྣཝ་གོ་རུང་ཁོ་ལུ་འདྲོག་སྟི། ཁོང་ཚུ་གྱིས་ཁོ་བཀྲོང་ནིའི་ཐབས་ཤེས་འཚོལ་ནུག།། ༡༩ གནམ་ཕྱི་རུ་སོངམ་ད། ཁོ་གྲོང་ཁྱེར་ལས་ཕྱི་འཐོན་འབྱོན་ནུག།།
དད་པའི་སྟོབས་ཤུགས།
༢༠ དྲོ་པ་ཁོང་འབྱོན་པའི་ལམ་ཁར་ལུ། ལྕོང་བུ་ཤིང་དེ་རྩ་བ་ལས་བསྐམས་ཡོདཔ་གཟིགས་ནུག།། ༢༡ པི་ཏྲོའི་སེམས་ལུ་དྲན་པ་འོང་སྟི་ཁོ་ལུ། སློབ་དཔོན་ལགས། གཟིགས་གནང་། ཁྱོད་ཀྱིས་སྤདཔ་གནང་བའི་ལྕོང་ཤིང་འདི་བསྐམས་སོ་ནུག་ཟེར་ཞུཝ་ད།། ༢༢ ཡེ་ཤུ་གྱིས་ཁོང་ལུ། དཀོན་མཆོག་ལུ་དད་པ་སྐྱེད།། ༢༣ ག་ཅིསམ་ཟེརན་ག་གིས་རི་འདི་ལུ་ལོངས་སོང་འདི་རྒྱ་མཚོ་ནང་ལུ་ལྷུང་ཟེར་སླབས་ཞིནམ་ད། ཁོ་རའི་སེམས་ནང་ཐེ་ཚོམ་མེད་པར་ཁོ་གྱིས་སླབས་དོ་བཟུམ་ར་འབྱུང་འོང་ཟེར་དད་པ་ཡོདན། ཁོ་རའི་སླབས་ཡོདཔ་བཟུམ་ཁོ་ལུ་འབྱུང་ནི་ཨིནམ་ང་གིས་བདེན་པ་སྦེ་སླབས་ཨིན།། ༢༤ འདི་འབདཝ་ལས་ཁྱེད་ག་ཅིས་དགོ་མི་དི་སྨོན་ལམ་བཏབ་ཞིནམ་ད་ཞུ་བ་ཅིན། འདི་ང་གིས་ཐོབ་ཚར་ཡི་ཟེར་དད་པ་ཡོད་པ་ཅིན་འདི་ཁྱེད་ལུ་ཐོབ་ནི་ཨིནམ་ང་གིས་སླབས་ཨིན།། ༢༥ ཁྱེད་ཀྱིས་སྨོན་ལམ་ཞུཝ་ད་ལུ། ཁྱེད་ལུ་མ་རངས་མི་ཡོད་པ་ཅིན་དེ་ལུ་བཀའ་དྲིན་བསྐྱང་བཞག། ཁྱེད་རའི་ཡབ་ཞིང་ཁམས་ནང་བཞུགས་མི་གྱིས་ཡང་ཁྱེད་ཀྱིས་ཉེས་པ་དི་བཀའ་དྲིན་བསྐྱང་འོང་།། ༢༦ འདི་འབདཝ་ད་ཁྱེད་ཀྱིས་གཞན་ལུ་བཀའ་དྲིན་མ་བསྐྱང་བ་ཅིན། ཁྱེད་ཚའི་ཡབ་ཞིང་ཁམས་ནང་བཞུགས་མི་གྱིས་ཡང་ཁྱེད་ལུ་བཀའ་དྲིན་མི་བསྐྱང་ཟེར་གསུངས་ནུག།།
ཡེ་ཤུའི་དབང་ཆ་སྐོར་ལས་འདྲི་བ་དཔྱད་ལོདཔ།
༢༧ ཁོང་ཚུ་ད་རུང་ཡེ་རུ་ཤ་ལེམ་ལུ་ཕེབས་ཞིནམ་ལས་མཆོད་ཁང་ནང་འབྱོནམ་ད་ལུ། ཁོའི་སྐུ་མདུན་ལུ་སླམ་སླ་ཆེན་དང། མཁན་པོ་དང་། རྒན་ཤོས་ཚུ་འོངས་ཞིནམ་ད་ཁོ་ལུ།། ༢༨ ཁྱོད་ཀྱིས་ག་དེ་སྦེ་འདི་བཟུམ་མཛད་ནི་དབང་ཆ་ཡོདཔ་སྤོ། ག་གིས་ཁྱོད་ལུ་དབང་ཆ་སྤྲོད་ཡི་ཟེར་དྲི་བ་དཔྱད་འདི་ཞུཝ་ད།། ༢༩ ཡེ་ཤུ་གྱིས་ཁོང་ཚུའི་ལན་ལུ། ང་གིས་ཡང་ཁྱེད་ཚུ་ལུ་དྲི་བ་གཅིག་དཔྱད་ནི་ཨིན། དེའི་ལན་ཁྱེད་ཀྱིས་བརྐྱབ་པ་ཅིན་ང་ཡང་དབང་ཆ་ག་གིས་གནངམ་སྐོར་ལས་ཁྱེད་ལུ་ང་གིས་སླབས་འོང་།། ༣༠ ཡོ་ཏ་ནན་གྱིས་ཁྲུས་གསོལ་འདི་ཞིང་ཁམས་ལས་འབྱུང་འབྱུངམ་སྨོ། མི་ལས་འབྱུང་འབྱུངམ་སྨོ། ང་ལུ་ལན་སླབས་ཟེར་གསུངསམ་ད་ལུ།། ༣༡ ཁོང་རང་ཕར་ཚུར་བལྟུན་བགྲོས་འབད་དི། ང་བཅས་ཀྱིས་ཞིང་ཁམས་ལས་འབྱུང་ཡི་ཟེར་སླབས་པ་ཅིན། ཁྱེད་ཀྱིས་ཁོ་ལུ་ག་ཅིས་སྦེ་དད་པ་མེདཔ་སྨོ་ཟེར་ཁོ་གྱིས་སླབས་ནི་ཨིན་པས།། ༣༢ མི་ལས་འབྱུང་འབྱུངམ་ཨིན་ཟེར་ང་བཅས་ཀྱིས་སླབས་པ་ཅིན། མི་གེ་ར་གྱིས་ཡོ་ཧ་ནན་འདི་ལུང་སྟོན་པ་དངོས་སུ་ཨིན་ནི་དེ་གྱིས། མི་ཚུ་ལུ་འདྲོག་པས་ཟེར་ཁོང་རང་བསྟུན་འགྲོས་འབད་ཞིནམ་ད།། ༣༣ ཁོང་ཚུ་གྱིས་ཡེ་ཤུ་ལུ། ང་བཅས་ཀྱིས་སླབས་མི་ཤེས་པས་ཟེར་ཞུཝ་ད། ཡེ་ཤུ་གྱིས་ཁོང་ལུ། ང་གིས་ཡང་དབང་ཆ་ག་ལས་བརྟེན་དི་འདི་བཟུམ་འབདཝ་ཨིནམ་མི་ཤེས་ཟེར་གསུངས་ནུག།།
ཞིང་པ་བཟོགཔ་ཚུའི་དཔེ་གཏམ།
༄༅།། ཡེ་ཤུ་གྱིས་ཁོང་ཚུ་ལུ་དཔེ་གཏམ་སྦྱར་ཏི་གསུངས་ནུག། རྒུན་འཚལ་བཙུགས་པའི་སྤྱིན་བདག་གཅིག་གིས་ས་ཞིང་མཐའ་སྐོར་ཚུ་སྐྱེ་ཤིང་གི་རཝ་བརྐྱབ། འདི་ནང་བཙིར་གཞོང་གཅིག་བརྐོ། དེ་ལས་སྲུང་ནིའི་ཁྱིམ་བརྐྱབས་ཞིནམ་ད། ཁོང་ཞིང་པ་ཚུ་ལུ་སྤྲོད་བཞག་ཞིནམ་ལས་ས་ཕྱོགས་ཐག་རིང་སར་གཅིག་ལུ་སོངས་ནུག།། ༢ ཤིང་འབྲས་བསྡུརནམ་ད་ལུ། ཁོ་གྱིས་ཁོ་རའི་བྱ་རོགས་གཅིག་ཤིང་ཐོག་ལེན་པར་ཁོང་ཞིང་པ་ཚུ་ཡོད་སར་གཏངམ་ད་ལུ།། ༣ ཁོང་ཚུ་གྱིས་བྱ་རོགས་དེ་བཟུང་ཞིནམ་ད་བརྡུངས་སྟི། ལགཔ་སྟོངམ་སྦེ་ལོག་གཏང་ནུག།། ༤ ད་རུང་ཁོ་གྱིས་སྤྱིན་བདག་དེ་གྱིས་བྱ་རོགས་གཞན་གཅིག་ཁོང་ཡོད་སར་གཏངམ་ད། ཞིང་པ་ཚུ་གྱིས་ཁོའི་མགུ་ཏོ་ཁར་རྡོ་བརྡུངས་སྟི་། རྨ་བཏོན་དི་མངོ་ཚ་རི་རི་བཟོ་དི་ལོག་གཏང་ནུག།། ༥ ད་རུང་ཁོ་གྱིས་གཅིག་བཏང་མི་དེ་གསད་ནུག། དེ་ལས་གཞན་མས་ལེ་ཤ་སྦུག་ལས། ལ་ལུ་གཅིག་གསད་ནུག། ལ་ལུ་གཅིག་བརྡུངས་ནུག།། ༦ སྦྱིན་བདག་ལུ་གཅིག་ལས་མ་ལུས་པས། འདི་ཁོ་རའི་བུ་གཅིགཔ་དེ་ཨིན་པས། ངི་བུ་ཚུ་ལུ་ཁོང་ཚུ་གྱིས་གུས་ཞབས་འབད་འོང་ཟེར་མནོ་བསམ་གཏང་དི། མཐའ་མཇུག་ལུ་བུ་ཚུ་དེ་ཡང་ཁོང་ཡོདསར་གཏང་ནུག།། ༧ ཁོང་ཞིང་པ་དེ་ཚུ་གྱིས་ཁོང་རང་ནང་འཁོད་ལུ་བློའོ་སླབས་ཏེ། འདི་ཕ་ཤུལ་བུ་འདི་ཨིན་པས། གེ་ར་ཤོག། ང་བཅས་ར་ཁོ་གསད་ཞིནམ་ད་ཁོའི་རྒྱུ་ནོར་ཚུ་ང་བཅས་ར་ཐོབ་འོང་ཟེར་སླབས་ཞིནམ་ལས།། ༨ ཁོ་གཟུང་སྟེ་གསད་ཞིནམ་ད། རྒུན་ཚལ་གྱིས་ཕྱི་ཁར་ཁོའི་རོ་དབྱུགས་བཀོག་ནུག།། ༩ ད་རྒུན་ཚལ་གྱིས་སྦྱིན་བདག་དེ་འོངམ་ད་ལུ་ག་ཅིས་འབད་འོང་ག། ཁོ་འོངས་ཞིནམ་ལས་ཞིང་པ་ཚུ་ག་ར་ཚར་གཅད་ཞིནམ་ད་རྒུན་ཚལ་གཞན་ལུ་སྤྲོད་འོང་།། ༡༠ གསུངས་རབ་ནང་ལུ་རྩིག་བཟོཔ་ཚུ་གྱིས་མ་དགོ་པར་བཀོག་བཞག་མི་རྡོ་དེ། ཟུར་རྡོ་ལེགས་ཤོམ་གཅིག་ལུ་འགྱུརཝི་ཨིན།། ༡༡ དེ་ཚུ་དཀོནམ་མཆོག་གིས་མཛད་གནངམ་ཨིན། ང་བཅས་མིག་ཏོ་ལུ་ཡ་མཚན་ཆེ་ཟེར་བའི་གསུངས་རབ་ཁྱེད་ཀྱིས་མ་ལྷག་གམ་ཟེར་གསུངས་ནུག།། ༡༢ དཔེ་གཏམ་དེ་ཁོང་ལུ་མ་རངས་པར་སླབས་ཨིནམ་ཤེས་ཞིནམ་ལས། ཁོ་གཟུང་ནི་འབད་རུང་མི་ཚོགས་ལུ་འདྲོག་དི་ཁོ་བཀོག་བཞག་དི་ཁོང་ཚུ་ཡར་སོ་ནུག།།
རྒྱལཔོ་ལུ་ཁྲལ་བཏབ་པའི་སྐོར།
༡༣ ཁོང་ཚུ་གྱིས་ཁོའི་གཏམ་ལུ་འཛན་གཟུང་འབད་ནིའི་ཐབས་ལུ་ཕ་རུ་ཤི་པ་དང་ཧེ་རོ་དེའི་མི་ཚུ་དག་པ་ཅིག་ཁོ་བཞུགས་སར་བཏང་ནུག།། ༡༤ ཁོང་ཚུ་གྱིས་ཁོ་མཇལ་ཞིནམ་ལས། སློབ་དངོན་ལགས། ཁྱོད་བབེན་པ་ཨིན་པའི་འགུ་མིའི་ངོ་ལུ་མ་གཟིགས་མི་དང་། ཕྱོགས་རིགས་མེད་པར། དཀོན་མཆོག་གིས་བདེན་པའི་ལམ་སྟོན་གནང་མི་ཨིནམ་ང་བཅས་ཀྱིས་ཤེས། རྒྱལཔོ་ལུ་ཁྲལ་བཏབ་རུང་གམ་མི་རུང་།། ༡༥ ང་བཅས་ཀྱིས་འབྱོན་དྲག་གམ་མ་འབྱིན་དྲག་གམ་ཟེར་ཞུཝ་ད་ལུ། ཁོང་ཚུའི་ངན་སེམས་ཨིནམ་མཁྱེན་ཞིནམ་ལས། ཁྱེད་ཚུ་ང་ལུ་ག་ཅིས་ཚོད་བལྟལ་སྨོ། ང་གིས་ བལྟ་ནི་དོན་ལུ་དཱི་ནར་གཅིག་ང་ལུ་སྦག་ཤོག་ཟེར་གསུངས་ནུག།། ༡༦ ཁོང་གིས་འབག་འོངས་སྟེ་ཕུལཝ་ད། ཡེ་ཤུ་གྱིས་ཁོང་ཚུ་ལུ། འདི་ག་གིས་གཟུགས་པར་དང་ཡི་གུ་ཨིནམ་ཟེར་གསུངསམ་ད། ཁོང་ཚུ་གྱིས་རྒྱལཔོ་ཀྱིས་ཨིན་ཟེར་ཞུ་ནུག།། ༡༧ ཡེ་ཤུ་གྱིས་ཁོང་ལུ། རྒྱལཔོ་གྱིས་ཨིན་པ་ཅིན་རྒྱལཔོ་ལུ་རང་ཕུལ། དཀོན་མཆོག་གིས་ཨིན་པ་ཅིན་དཀོན་མཆོག་ལུ་ར་ཕུལ་ཟེར་གསུངསམ་ད་ཁོང་ཚུ་ཁོ་ལུ་ཡ་མཚན་ཆེ་ནུག།།
ཤི་ཞིནམ་ད་གསོནཔོ་ལོང་བའི་སྐོར།
༡༨ ཤི་ཞིནམ་ད་ལོག་སྟི་མི་ལོང་ཟེར་སླབས་མི་ས་དུསིས་ཚུ་ཁོ་བཞུགས་སར་འོངས་དི་ཁོ་ལུ།། ༡༩ སློབ་དཔོན་ལགས། མི་གཅིག་ཨ་ལོ་མེད་པར་ཤི་ཞིནམ་ལས་ཁོའི་ཨམ་སྲུ་ལུས་པ་ཅིན། མི་དེའི་ཕོ་སྤུན་གྱིས་ཁོདི་དོན་ལུ་བུ་རྒྱུད་འཕྱེལ་ནི་སྦེ། ཁོའི་ཨམ་སྲུ་མཉམ་སྡོད་དགོ་ཟེར་མོ་ཤ་གྱིས་ང་བཅས་དོན་ལུ་བྲིས་ནུག།། ༢༠ ཁོང་ཚུ་ལུ་ཕོ་སྤུན་པདུན་འདུག། དང་པ་དེ་གྱིས་མོ་མཉམ་སྡོད་ཞིནམ་ད་ཨ་ལོ་མེད་པར་ཤི་སོ་ནུག།། ༢༡ དེ་ལས་གཉིས་པ་དེ་གྱིས་མོ་མཉམ་སྡོད་དི་ཁོ་ལས་ཡང་ཨ་ལོ་མེད་པར་ཁོ་ཡང་ཤི་སོ་ནུག། གསུམ་པ་དེ་ཡང་འདི་བཟུམ་སྦེ་འབྱུང་ནུག།། ༢༢ བདུན་པ་དེ་གྱིས་མོ་མཉམ་སྡོད་དི་ཁོ་ལས་ཡང་ཨ་ལོ་མ་མ་འབྱུང་པས། མཇུག་མཐའ་མ་ལུ་ཨམ་སྲུ་དེ་ཡང་ཤི་སོ་ནུག།། ༢༣ མོ་གྱིས་ཕོ་སྐྱེས་བདུན་གྱིས་ཨམ་སྲུ་འབདཝ་ལས། ཤི་འདི་ལོངམ་ད་ལུ་མོ་ག་གིས་ཨམ་སྲུ་སྦེ་འགྱུར་འོང་གམ་ཟེར་དེ་སྦེ་ཞུཝ་ད་ལུ།། ༢༤ ཁོང་ཆུའི་ལན་ལུ་ཡེ་ཤུ་གྱིས། ཁྱེད་ཆུ་གསུངས་རབ་དང་འདི་ལས་དཀོན་མཆོག་གིས་མཐུ་སྟོབས་མ་ཤེས་ནི་དེ་གྱིས་འཛོལཝ་ཨིན་པས།། ༢༥ ག་ཅིསམ་ཟེརན་ཤི་ཞིནམ་ལས་ལོང་པའི་སྐབས་ལུ། ཁོང་གཉེན་བརྐྱབ་ནི་ཟེར་མེད། ཡང་ཅིན་གཉེན་བརྐྱབ་སར་ལུ་ཡང་མི་འགྱོ་བར་ཞིང་ཁམས་ཀྱིས་ཕོ་ཉ་བཟུམ་འགྱུར་འོང་།། ༢༦ ཤི་ཞིནམ་ལས་ལོངས་ནིའི་སྐོར་ལས་ཁྱེད་ཚུ་གྱིས་མོ་ཤཱའི་དཔེ་ཆ་ནང་ལུ་ག་དེ་སྦེ་ཚལ་མའི་ནང་ལས་དཀོན་མཆོག་གིས་ཁོ་ལུ། ང་ཨབ་ར་ཧམ་གྱིས་དཀོན་མཆོག་དང་། ཨི་སག་གིས་དཀོན་མཆོག་དང་། ཡ་ཀོབ་ཚུ་གྱིས་དཀོན་མཆོག་ཨིན་ཟེར་གསུངས་ཡོདཔ་དེ་མ་ལྷག་གམ།། ༢༧ ཁོ་ཤི་མི་ཚུ་གྱིས་དཀོན་མཆོག་མིན་པར། གསོནཔོ་སྡོད་མི་ཚུ་གྱིས་དཀོན་མཆོག་ཨིན། ཁྱེད་ཚུ་གྱིས་གནམ་མེད་ས་མེད་འཛོལཝ་མས་ཟེར་གསུངས་ནུག།།
བཀའ་རྒྱ་སྦོམ།
༢༨ མཁན་པོ་གཅིག་འོངས་དི་ཁོང་ཚུ་རྩོད་གླེངས་འབདཝ་རྣཝ་གོ་ཞིནམ་ད། ཁོའི་བཀའ་ལེགས་ཤོམ་གནངམ་མཐོང་དི་སྦེ་ཁོ་ལུ། བཀའ་རྒྱ་ཚུ་ལས་སྦོམ་ཤོས་འདི་ག་ཅིས་ཨིན་ན་ཟེར་ཞུཝ་ད།། ༢༩ ཡེ་ཤུ་གྱིས་ཁོ་ལུ་བཀའ་རྒྱ་ཚུ་ལས་དང་པ་འདི། དབའི་ཨཱིས་ར་ཡལ་ཚུ་རྣཝ་ཉན། ང་བཅས་རའི་གཙོ་བོ་དཀོན་མཆོག་འདི་གཙོ་བོ་གཅིག་ཨིན།། ༣༠ ཁྱེད་རའི་གཙོ་བོ་དཀོན་མཆོག་ལུ་དོན་ཧིང་ཧྲིལ་པོ་དང་། སྲོག་ཧྲིལ་པོདང་། སེམས་ཧྲིལ་པོ་དང་། ལུས་སྟོབས་ཧྲིལ་པོ་སྦེ་གཅེས་དགོཔ་ཨིན། དེ་ཚུ་བཀའ་རྒྱ་དང་པ་འདི་ཨིན།། ༣༡ བཀའ་རྒྱ་གཉིས་པ་འདི། ཁྱེད་ཀྱིས་ཁྱེད་རང་ལུ་གཅེས་དོ་བཟུམ་ཁྱེད་རའི་ཁྱིམ་ཚེས་ལུ་ཡང་གཅེས་དགོ། འདི་གཉིས་ལས་བཀའ་རྒྱ་སྦོམ་གཞན་མེད་ཟེར་གསུངས་ནུག།། ༣༢ དེ་ལས་མཁན་པོའི་ཁོ་ལུ། སློབ་དཔོན་ལགས། འདི་ལེགས་ཤོམ་ཨིན་པས། དཀོན་མཆོག་གཅིག་ཨིན། ཁོ་མིན་པར་གཞན་མེད་ཟེར་ཁྱོད་ཀྱིས་བདེན་པ་སྦེ་གསུངས་ཡི།། ༣༣ ཁོ་ལུ་དོན་ཧིང་ཧྲིལ་པོ་དང་། བློ་གྲོས་ཚངམ་དང་། སྲོག་ཧྲིལ་པོ་དང་། ལུས་སྟོབས་ཧྲིལ་པོ་དང་། ཁྱིམ་ཚེས་ལུ་ཡང་རང་བཟུམ་སྦེ་གཅེས་དགོཔ་ཚུ། སྦྱིན་སྲེག་དང་དམར་མཆོད་ག་ར་ལས་ལྷག་པའི་མཆོད་པ་བཟུམ་ཨིན་པས་ཟེར་ཞུ་ནུག།། ༣༤ མཁན་པོ་དེ་གྱིས་དེ་སྦེ་མཁས་ཏོག་ཏོ་ལན་སླབས་མི་ལུ་གཟིགས་ཞིནམ་ད། ཡེ་ཤུ་གྱིས་ཁོ་ལུ། ཁྱོད་དཀོན་མཆོག་གིས་རྒྱལ་སྲིད་ལས་ཐག་རིང་སར་མིན་འདུག་ཟེར་གསུངས་ནུག། འདི་རྟིང་ལས་མི་ག་གིས་ཡང་ཁོ་ལུ་འདྲི་བ་ག་ཅིས་ཡང་དཔྱད་མ་ནུམ་པས།། ༣༥ མཆོད་ཁང་ནང་ཆོས་སྟོན་དི་བཞུགསཔ་ད་ཡེ་ཤུ་གྱིས་དེ་སྦེ་གསུངས་ནུག། མཁན་པོ་ཚུ་གྱིས་མ་ཤི་ཀ་འདི་ད་འུད་ཀྱིས་སྲས་ཨིན་ཟེར་ག་དེ་སྦེ་སླབས་ཨིན་ན།། ༣༦ ག་ཅིསམ་ཟེརན་ད་འུད་ཁོ་གྱིས་དམ་པའི་ཐུགས་ཉིད་ལས་རྒྱུད་དི། གཙོ་བོའི་ངི་གཙོ་བོ་ལུ། ང་གིས་ཁྱོད་རའི་དགྲ་ཚུ་ཁྱོད་ཀྱིས་ཞབས་འོག་མ་བསྣེམ་བར་དུ་ངི་གཡས་ཁ་ཐུག་ལུ་བཞུགས་གནང་ཟེར་སླབས་ནུག།། ༣༧ དེ་ལས་ག་དེ་སྦེ་ཁོའི་སྲས་ཟེར་སླབས་ཨིན་ན། མི་ཉམས་ཆུང་ཚུ་ཁོའི་གསུངས་ལུ་ཉན་ཏེ་སེམས་དགའ་ནུག།།
མཁན་པོ་ཚུ་ལུ་ཁོའི་བཀའ་རྒྱ།
༣༨ ཁོ་གྱིས་ཆོས་སྟོན་དི་ཁོ་རའི་སློབ་མ་ཚུ་ལུ་དེ་སྦེ་གསུངས་ནུག། མཁན་པོ་ཚུ་ལས་དྲན་པ་སྟོན། འདི་ཚུ་གྱིས་བགོ་ལ་རིངམ་གོན་དི་འགྱོ་ནི་དགའ། ཁྲོམ་ནང་ཕྱག་འཚལ་མི་དང་།། ༣༩ འདུ་ཁང་ནང་བཞུགས་ཁྲི་མཐོ་ཤོས་དང་། མགྱོནམ་སྦེ་གྱལ་གོང་ལུ་སྡོད་ནི་དགའ།། ༤༠ ཨམ་སྲུ་མོ་རེངམ་གྱིས་ཁྱིམ་ནང་ལས་བཅོམ། མི་ལུ་སྟོན་ནི་དོན་ལས་སྨོན་ལམ་རིངམ་སྦེ་བཏབ། འདི་བཟུམ་ལུ་ཆདཔ་སྦོམ་ཕོག་འོང་ཟེར་གསུངས་ནུཀ།།
ཨམ་སྲུ་མོ་རེངམ་གྱི་ས་ཕུལ་ཆ།
༤༡ ཉིམ་གཅིག་ཡེ་ཤུ་དཀོར་མཛོད་གདོང་ཁར་བཞུགས་པའི་ཚེས། མི་ཚུ་དཀོར་མཛོད་ནང་ལུ་ཏིག་རུབ་ག་དེ་སྦེ་ཕུལཝ་ཨིནམ་གཟིགས་ནུག།། ༤༢ མོ་རེངམ་སྤྱང་ཀ་གཅིག་འོངས་ཞིནམ་ལས། ཕྱེད་ཀྲམ་ཆུབ་ཀུ་གཉིས་ཕུལ་ནུག། ༤༣ ཁོ་གྱིས་ཁོ་རའི་སློབ་མ་ཚུ་ཁོ་ཡོད་སར་འབོ་ཞིནམ་ད་ཁོང་ལུ། དཀོར་མཛོད་ནང་ལུ་ཏིག་རུབ་ཕུལ་མི་ག་ར་ལས་མོ་རེངམ་སྤྱང་ཀ་དེ་གྱིས་མངཔོ་སྦེ་ཕུལ་ཡི་ཟེར་ང་གིས་ཁྱེད་ལུ་བདེན་པ་སྦེ་སླབས་ཨིན།། ༤༤ ག་ཅིསམ་ཟེརན་ག་ར་གྱིས་ཁོང་རའི་རྒྱུ་ནོར་མངཔོ་ཡོད་མི་ནང་ལས་ཕུལཝ་མས། མོ་གྱིས་མོ་རང་གང་ཡང་མེད་པའི་ནང་ལས་མོ་རའི་མི་ཚེས་གཅིག་ལུ་ག་ཅིས་ཡོདཔ་གེ་ར་ཕུལ་ཡི་ཟེར་གསུངས་ནུག།།
མཆོད་ཁང་བརླག་སྟོར་དང་དུས་མཐའ་མའི་ལུང་བསྟན།
༄༅།། ཡེ་ཤུ་ཆོས་ཁང་ལས་ཕྱི་འཐོན་འབྱོནམ་ད་ལུ། ཁོའི་སློབ་མ་གཅིབ་གིས་ཁོ་ལུ། སློབ་དཔོན་ལགས། འདི་བཟུམ་གྱིས་རྡོ་དང་། ཁང་ཁྱིམ་ཚུ་ག་དེ་སྦེ་ཡོདཔ་གཟིགས་གནང་ཟེར་ཞུཝ་ད།། ༢ ཡེ་ཤུ་གྱིས་ཁོའི་ལན་ལུ། ཁྱེད་ཀྱིས་ད་སྟོ་ཁང་ཁྱིམ་སྦོམ་ཚུ་མཐོང་འདི་འབད་རུང། འདི་ཁར་རྡོ་ཕུད་རྡོག་གཅིག་ཡང་མ་ལུས་པར་ཐལ་བར་རླག་འགྱོ་འོང་ཟེར་གསུངས་ནུག།། ༣ ཁོ་སྐྲུར་ཤིང་རི་ལུ་མཆོད་ཁང་གདོང་ཁར་བཞུགས་པའི་སྐབས་ལུ། པི་ཏྲོ་དང་། ཡ་ཀོབ་དང་། ཡོ་ཏ་ནན་དང་། ཨེན་གྲི་ཨོ་ཚུ་ཟུར་ཁ་སྦེ་ཁོ་ལུ།། ༤ དེ་ཚུ་ནམ་འབྱུང་འོང་གམ། དེ་ཚུ་ག་ར་འབྱུང་དགོ་པའི་ཚེས་ལུ་རྟགས་མཚན་ག་ཅིས་ཡོདཔ་ཨིན་ན་ང་བཅས་ལུ་གསུཁས་བཀའ་དྲིན་སྐྱངས་ཟེར་ཞུཝ་ད་ལུ།། ༥ ཡེ་ཤུ་གྱིས་ཁོང་ཚུའི་ལན་ལུ། མི་གྱིས་མགུ་སྐོར་ལས་ཁྱེད་དྲན་པ་བཏན།། ༦ ག་ཅིསམ་ཟེརན་མི་མང་ཤོས་ཀྱིས་ངི་མིང་བཏོན་དི་འོངས་ཞིནམ་ད། ང་མཤི་ཀ་ཨིན་ཟེར་སླབས་ཞིནམ་ད་མང་ཤོས་ལུ་མགུ་སྐོར་བརྐྱབ་འོང་།། ༧ ཁྱེད་ཀྱིས་དམག་དང་དམག་གིས་གནས་ཚུལ་ཚུ་རྣཝ་གོ་རུང་། ཁྱེད་ཚུ་ནངས་དོག་འབད་མི་དགོ། ག་ཅིསམ་ཟེརན་དེ་ཚུ་ག་དེ་འབད་རུང་འབྱུང་དགོཔ་ཨིན། མཐའ་མ་དེ་མཇུག་མི་བསྡུ།། ༨ དེ་ལས་མི་རིགས་དང་མི་རིགས་མི་འགྲིགས། རྒྱལ་ཁབ་དང་རྒྱལ་ཁབ་མི་འགྲིགས། ས་ཕྱོགས་སོ་སོར་ལུ་ས་གཡོམ་དང་། ནད་མུ་གེ་དང་བཀའ་ངལ་ཚུ་འབྱུང་འོང་། དེ་ཚུ་སྡུག་བསྔལ་གྱིས་གོ་ཐོག་ཨིན།། ༩ ཁྱེད་ཚུ་དྲན་པ་སྟོན། ཁོང་གིས་ཁྱེད་ཚུ་ཁྲིམས་སར་སྐྱེལ་འོང་། འདུ་ཁང་ནང་ལུ་བརྡུང་རྫོབ་འབད་འོང་། ངི་དོན་ལས་ཁྱེད་ཚུ་བཀའ་བློན་དང་རྒྱལཔོ་ཚུ་ཡོད་སར་འཁྱིད་འོང་། དེ་ཚུ་ཁོང་གིས་མ་རངས་པའི་དཔང་པོ་དོན་ལུ་ཨིན།། ༡༠ ཧེ་མ་མི་རྒྱུད་ཡོད་རེ་རྣམས་ལུ་འཕྲིན་བཟང་འདི་སྤེལ་དགོཔ་ཨིན།། ༡༡ ཁོང་གིས་ཁྱེད་ཚུ་འཁྱེད་ཞིནམ་ལས་ཁྲིམས་སར་སྐྱེལ་བའི་སྐབས། ག་དེ་སྦེ་སླབས་ནི་ཨིན་ན། ག་དེ་སྦེ་འབད་དྲག་གམ་ཟེར་སེམས་ཁར་མ་མནོ། དེ་བསྒང་གཏམ་སླབས་མི་དི་ཁྱོད་མིན། དམ་པའི་ཐུགས་ཉིད་ཨིན། ཁྱོད་ལུ་དུས་ཚོད་ག་ཅིས་འབྱིན་མི་དེ་ཁར་ཁྱོད་ཀྱིས་སླབས་ནི་ཨིན།། ༡༢ སྤུན་ཆ་གྱིས་སྤུན་ཆ་འབྱིད་སྐོར་བརྐྱབ་དི་གསད་འོང་། ཨ་པ་གྱིས་བུ་གསད་ནི་དོན་ལུ་སྤྲོད་འོང་། དེ་ལས་བུ་ཚུ་བུམོ་ཚུ་གྱིས་ཕ་མ་ལུ་དགྲ་ལངས་ཏེ་གསད་འོང་།། ༡༣ ངི་མིང་ཐོག་ལས། མི་ག་ར་གྱིས་ཁྱེད་ལུ་ངལ་མི་རངས། ཁོ་ག་གིས་མཇུག་མཐའ་མ་ཚུན་རྡོག་པ་འདྲེག་ཚུགས་མི་འདི་མཐར་པ་ཐོབ་ཨིན།། ༡༤ ལུང་བསྟོན་པ་དཱ་ནིལ་གྱིས་གསུངས་བཞག་མི་དྲན་བསྐུལ་ནང་གསལ་ལས་འབད་བ་ཅིན། ལྷབ་ཚུགས་མི་གྱིས་ཧ་གོ་འོང་། དེ་ལས་ཁོང་ཡ་ཧུ་དཱ་ལུ་ཡོད་མི་ཚུ་རི་ཁར་འབྱོག་འགྱོ་འོང་།། ༡༥ ཁྱིམ་ཐོག་འགུ་ཡོད་མི་དེ་གྱིས་ཁོ་རའི་ཁྱིམ་ནང་བབས་ཏེ། ཁྱིམ་ནང་ལས་ཅ་ལ་ག་ཅིས་ཡང་བཏོན་སྦག་མི་ཚུགས།། ༡༦ ཞིང་ནང་ཡོད་མི་དེ་གྱིས། ཁོ་རའི་བགོ་ལ་ལེན་པ་ལོག་དི་མི་ལྷོད།། ༡༧ དེ་བསྒང་ཨམ་སྲུ་ཨ་ལོ་ཆགས་ཡོད་མི་དང་ཨ་ལོ་ཨོམ་འབྱིན་མི་ཚུ་ལུ་སྡུག་བསྔལ་ཆེ།། ༡༨ དེ་བསྒང་ཁྱེད་འབྱོག་འགྱོ་བའི་ཉིམ་དེ་གནམ་དགུན་ལུ་འབྱུང་མ་བཅུག་ཟེར་ཁྱེད་ཀྱིས་གསོལཝ་བཏབ།། ༡༩ ག་ཅིསམ་ཟེརན་དཀོན་མཆོག་གིས་སྔོན་གོ་ཐོག་ལས་བཀོད་གནང་མི་དེ་ལས་འགོ་བཙུགས། ད་ལྟོ་བར་ནང་མ་འབྱུང་ཤུལ་ལས་ཨིན་རུང་མ་འབྱུང་བའི་བཀའ་སྔལ་ཚུ་འདི་ཉིམ་དེ་བསྒང་འབྱུང་འོང་།། ༢༠ དེ་བསྒང་གཙོ་བོའི་ཉིམ་ཐུང་ཀུ་བཟོ་དི་མ་གནང་བ་ཅིན་འཇིག་རྟེན་པ་ཚུ་ཐར་པའི་དུས་མེད། ཁོ་རའི་འདམས་ཡོད་མི་ཚུའི་དོན་ལུ་ཉིམ་དེ་ཐུང་ཀུ་བཟོ་གནང་འོང་།། ༢༡ དེའི་སྐབས་ལུ་མ་ཤི་ཀ་འདི་ཁར་བཞུགས་ཡོད། ཕར་བཞུགས་ནུག་ཟེར་ཁྱེད་ལུ་སླབས་མི་མཐོན་པ་ཅིན་བདེན་པ་མ་རེད།། ༢༢ ག་ཅིསམ་ཟེརན་མ་ཤི་ཀ་རྫུས་མ་དང་ལུང་སྟོན་པ་རྗུས་མ་ཚུ་མཐོན་ཞིནམ་ལས་འདམས་ཡོད་མི་ཚུ་མགུ་སྐོར་བརྐྱབ་ནི་དོན་ལས། ཁོང་ཚུ་གྱིས་ཡ་མཚན་ཆེ་བའི་རྟགས་ཚན་ཚུ་སྟོན་འོང་།། ༢༣ ཁྱེད་ཚུ་ན་ཐེན་དྲན་པ་སྟོན། ང་གིས་ཁྱེད་ལུ་ཧེ་མ་ལས་སླབས་མཚར་ཡི་ཟེར་གསུངས་ནུག།། ༢༤ སྡུག་བསྔལ་དེའི་འོག་ལུ། ཉིམ་འདི་མུན་ནག་ལུ་འགྱུར། ཟླཝ་གྱིས་འོད་མི་འབྱིན།། ༢༥ གནམ་མཁའ་ལས་སྐར་མ་ཚུ་ས་ཁར་འབུད་འོང་། ཞིང་ཁམས་ནང་ཡོད་མི་མཐུ་སྟོབས་ཚུ་སྤར་འོང་།། ༢༦ དེ་ལས་མིའི་བུ་སྟོབས་དབང་དང་གཟི་བརྗིད་བཅསཔ་སྦེ་སྤྲིན་གྱིས་ནང་ལས་འབྱོནམ་ཁོང་ཚུ་གྱིས་མཇལ་འོང་།། ༢༧ ཁོ་གྱིས་ཁོ་རའི་ཕོ་ཉ་ཚུ་བཏང་ཞིནམ་ད་ས་གཞིའི་མཐའ་མ་ལས་ཞིང་ཁམས་མཐའ་མ་ཚུན། ཕྱོགས་བཞི་ལས་ཁོ་རའི་འདམས་ཡོད་མི་གེ་ར་གཅིག་ཁར་བསྡུ་འོང་།།
ལྕོང་ཤིང་གི་དཔེ་གཏམ།
༢༨ ལྕོང་ཤིང་གིས་དཔེ་གཏམ་གཅིག་ལྷབ། དེའི་གཞལ་ལག་འདི་འཇམ་ཆུག་ཆུ་སྦེ་ཤོམ་འདབ་སྐྱེཝ་ད་ལུ། ཁྱེད་ཀྱིས་གནམ་བྱར་འཐོན་ཨིནམ་ཤེས།། ༢༩ འདི་བཟུམ་ཁྱེད་ཚུ་གྱིས་དེ་ཚུ་ག་ར་འབྱུང་འོངམ་ད་ལུ་དུས་ཚོད་སྒོའི་སྦོ་ལོག་ཁར་ལྷོདཔ་ཨིནམ་ཁྱེད་ཀྱིས་ཤེས།། ༣༠ ང་གིས་ཁྱེད་ལུ་བདེན་པ་སྦེ་སླབས་ཨིན། དེ་ཚུ་ག་ར་མ་གྲུབ་བར་དུ་མི་རབས་དི་རྩ་ལས་ཡལ་མི་འགྱོ།། ༣༡ གནམ་དང་ས་གཉིས་ཡལ་འགྱོ་རུང་། དི་གིས་གསུངས་ཚུ་ཡལ་མི་འགྱོ།། ༣༢ ཉིམ་དེ་དང་དུས་ཚོད་དེའི་སྐོར་ལས་ཡབ་གཅིག་གིས་མ་གཏོག་པར་གཞན་མི་ག་གིས་ཡང་མི་ཤེས། ཕོ་ཉ་ཚུ་གྱིས་ཡང་མི་ཤེས། ཡང་ཅིན་སྲས་ཀྱིས་ཡང་མེ་མཁྱེན། ༣༣ དུས་ཚོད་འདི་ནམ་འོང་གམ་ཁྱེད་ཚུ་གྱིས་མི་ཤེས། ན་ཐེན་དྲན་པ་སྟོན། བལྟ་བཞིནམ་ད་གསོལཝ་བཏབ།། ༣༤ ག་ཅིསམ་ཟེརན་མིའི་བུ་འདི་ཡང་དཔེར་ན་མི་གཅིག་ཁྱིམ་བཀོག་བཞག་དི་ས་ཐག་རིང་སར་འགྱོ་བའི་སྐབས་ལུ། ཁོ་རའི་བྱ་རོགས་ལུ་དབང་ཚད་སྤྲོད་འདི། མི་རེ་རེ་བཞིན་དུ་རང་རང་སའི་ལཱ་གཡོག་བཀལ་འདི་སྒོ་སྲུང་པ་ལུ་བལྟ་དགོཔ་སྦེ་སླབས་འདི་སོངས་སོངམ་བཟུམ་དང་འདྲ།། ༣༥ ཁྱེད་ཚུ་ན་ཐེན་དྲན་པ་བཏོན་དགོ། ག་ཅིསམ་ཟེརན་ཁྱིམ་གྱིས་སྦྱིན་བདག་དེ་ཕྱི་རུ་འོང་ནི་ཨིན་ན། ནུམ་ཕྱེད་ལུ་འོང་ནི་ཨིན་ན། བྱཔོ་འབོབ་ད་འོང་ནི་ཨིན་ན། དྲོ་པ་འོང་ནི་ཨིན་ན་ཁྱེད་ཚུ་གྱིས་མི་ཤེས།། ༣༦ ག་དེམ་ཅིས་འབད་ཁོ་དེ་ཕྲལ་ལས་འོང་ཏེ། ཁྱེད་ཚུ་གཉིད་ལོག་སྟེ་འཕྱད་མ་བཅུག།། ༣༧ ན་ཐེན་དྲན་པ་བཏོན་དགོ་ཟེར་ང་གིས་ཁྱེད་ལུ་ག་ར་ལུ་སླབས་ཚར་ཡི་ཟེར་བཀའ་གནང་ནུག།།
ཡེ་ཤུ་བཀྲོང་ནིའི་ཐབས་ཤེས།།
༄༅།། བཞག་གཉིས་རྒྱབ་ལས་ལོ་ལྟར་གྱིས་ཕེབས་སྐྱུརཔོ་མེད་པའི་ཁུར་ལེབ་ཀྱིས་དུས་ཆེན་རེན་ནུག། བླམ་བླ་ཆེན་དང་མཁན་པོ་ཚུ་གྱིས་ཡེ་ཤུ་འཛིན་གཟུང་འབད་དི་བཀྲོང་ནིའི་ཐབས་ཤེས་བསྒྱིརཝ་ཡོདཔ་ཨིན་པས།། ༢ མི་ཚུ་གྱིས་འཁྲུགས་འཛིན་འབད་འོང་ཟེར་བློའི་སླབས་ཞིནམ་ད། དུས་ཆེན་ལུ་འཛིན་གཟུང་མ་འབད་བར་བཞག་ནུག།།
ཡེ་ཤུ་ལུ་དྲི་བཟང་ད་བུརཝ།
༣ ཡེ་ཤུ་བེད་ཐ་ནི་ལུ་མཛེ་ནད་ཟུན་མི་སི་མོན་གྱིས་ཁྱིམ་ནང་གསོལཝ་བཞེས་བཞུགས་པའི་སྐབས་ལུ། ཁོ་བཞུགས་སར་ལུ་ཨམ་སྲུ་གཅེག་སྤོས་སྣུམ་རིན་གོང་སྦོམ་འབད་བའི་ཀ་མ་རུའི་བུམ་པ་གཅིག་སྦག་འོངས་ཞིནམ་ལས། བུམ་པའི་ཁ་བཀྲུམས་དི་ཁོའི་དབུའི་འགུ་བླུགས་ནུག།། ༤ དེ་ཁར་ཡོད་མི་རེ་ཙིག་པ་ཟ་དི། སྤོས་སྣུམ་འདི་ག་ཅིས་སྦེ་ཆུད་ཟོས་གཏངམ་ཨིན་ན།། ༥ འདི་བཙོང་བ་ཅིན་དཱི་ནར་གསུམ་བརྒྱ་ལྷག་དི་ཐོབ་ནི་ཨིན་པས། སྤྱང་ཀ་ཚུ་ལུ་འབྱིན་པ་ཅིན་དྲག་འོང་ཟེར་ཨམ་སྲུ་དེ་ལུ་མར་མུར་ལེ་ཤ་སླབས་ནུག།། ༦ ཡེ་ཤུ་གྱིས་ཁོང་ལུ། མོ་གྱིས་ང་ལུ་ལེགས་ཤོམ་འབདཝ་ད་ལུ། ཁྱེད་ཚུ་ག་ཅིས་སྦེ་མོའི་སེམས་དཀྲུག་དགོཔ་སྨོ།། ༧ ག་ཅིསམ་ཟེརན་ཁྱེད་ཡོད་སར་དུས་བཏན་དུ་སྤྱ་ང་ཀ་ལུས་འོང་། ནམ་རང་ཨིན་རུང་ཁོང་ལུ་ཁྱེད་ཀྱིས་ཕན་པ་སྐྱེད་ཚུགས། ང་ཁྱེད་མཉམ་དུས་གཏན་དུ་མི་ལུས།། ༨ མོ་གྱིས་ག་ཅིས་འབད་ཚུགས་མི་དེ་འབདཝ་ཨིན། ང་དུར་ཁང་ལུ་མ་བཙུགས་པའི་ཧེ་མ་ལས་སྤོསམ་བླུགས་ཚར་ཡི།། ༩ འཛམ་གླིང་ག་ར་ལུ་འཕྲིན་བཟང་འདིའི་ཆོས་གནང་བའི་སྐབས། མོ་གྱིས་འདི་བཟུམ་འབད་ཡོདཔ་ཨིནམ་མོའི་དྲན་རྟགས་ལུ་བཤད་དགོཔ་འདི་ང་གིས་བདེན་པ་སྦེ་ཁྱེད་ལུ་སླབས་ཨིན་ཟེར་གསུངས་ནུག།། ༡༠ སློཔ་མ་བཅུ་གཉིསཔ་ཀྱིས་གྱལ་ཁར་ལས་ཡུ་དཱས་ཨིས་ཀར་ཡོད་ཟེར་མི་གཅིགཔ་དེ་གྱིས་ཁོང་བླམ་བླ་ཆེན་ཚུ་གྱིས་ལགཔ་ལུ་ཡེ་ཤུ་སྤྲོད་ནི་འབད། ཁོང་ཚུ་ཡོད་སར་སོངས་ཞིནམ་ལས་དེ་སྦེ་སླབས་ད་ལུ།། ༡༡ ཁོང་ཚུ་གྱིས་རྣཝ་གོ་ཞིནམ་ལས་སེམས་དགའ་དི་ཁོ་ལུ་ཏིག་རུབ་འབྱིན་ནི་སྦེ་ཁས་བླངས་ལབད་ནུག།། དེ་ལས་ཁོ་གྱིས་ཡེ་ཤུ་འཛིན་གཟུང་འབད་ནིའི་ཐབས་ཤེས་བརྩམས་ནུག།།
དུས་ཆེན་གྱི་ཚོགས་བཞེས་ཡོདཔ།
༡༢ སྐྱུར་རྩི་མེད་པའི་ཁུར་ལེབ་དུས་ཆེན་ཉིམ་དང་པ་ལུ། ཚོགས་ཀྱིས་དམར་མཆོད་ལུ་ལུག་གསད་ཡོད་པའི་ཞག་ལུ། ཁོའི་སློབ་མ་ཚུ་གྱིས་ཁོ་ལུ་ང་བཅས་སོངས་ཞིནམ་ད་ཁྱོད་དོན་ལས་དུས་ཆེན་གྱིས་ཚོགས་ག་སྟི་འགྲིགས་དྲག་གམ་ཟེར་ཞུཝ་ད་ལུ།། ༡༣ ཁོ་གྱིས་སློབ་མ་གཉིས་གཏང་དི་ཁོང་ལུ་ས་ཁྲོམ་ནང་སོངས་ཞིནམ་ད་ཁྱེད་ཀྱིས་ཆུ་རྫམ་སྦག་མི་གཅིག་དང་ཕྱེད་འོང་། ཁོའི་རྟིང་བརྡའ་སོང་།། ༡༤ ཁོ་ག་སྟི་འཛུལ་སའི་ཁྱིམ་བདག་པོ་དེ་ལུ། ངི་སློབ་མ་ཚུ་མཉམ་དུས་ཆེན་གྱིས་ཚོགས་བཞེས་ནི་མགྱོན་ཁྱིམ་ག་སྟི་ཡོདཔ་སྨོ་ཟེར་སློབ་དཔོན་གྱིས་བཀའ་གནང་ཡི་ཟེར་འདྲི་བ་ཅིན།། ༡༥ ཁོ་གྱིས་ཁྱེད་ལུ་གདན་རྟིང་དི་གྲལ་འགྲིག་ཡོད་པའི་སྟག་གིས་ཁང་ཁྱིམ་གཅིག་བསྟོན་བྱིན་འོང་། དེ་ཁར་ང་བཅས་རའི་དུས་ཆེན་ཚོགས་ཚུ་ཅ་ལ་འགྲིགས་ཟེར་བཀའ་གནང་ནུག།། ༡༦ ཁོའི་སློབ་མ་ཚུ་སོངས་ཏེ་གྲོང་ཁྱེར་ནང་ལྷོད་ཞིནམ་ལས། ཁོ་གྱིས་ག་ཅིས་བཀའ་གནངམ་ཞིན་དུ་ཕྱེད་ནུག། ཁོང་ཚུ་གྱིས་དུས་ཆེན་གྱིས་ཚོགས་ཚུ་གྲ་གྲིགས་སྦེ་བཤམས་ནུག།། ༡༧ གནམ་ཕྱི་རུ་སློབ་མ་བཅུ་གཉིསཔོ་དང་མཉམ་ཡེ་ཤུ་ཕེབས་ནུག།། ༡༨ ཁོང་ཚུ་བཞུགས་ཞིནམ་ད་ཚོགས་བཞེས་པའི་སྐབས་ལུ། ཡེ་ཤུ་གྱིས་ཁོང་ལུ། ང་མཉམ་བཟའ་མི་ཁྱེད་ཚུ་ལས་གཅིག་གིས་ང་ལུ་འབྱིད་སྐོར་བརྐྱབ་འོང་། འདི་ང་གིས་བདེན་པ་སྦེ་ཁྱེད་ལུ་སླབས་ཨིན་ཟེར་གསུངས་ནག།། ༡༩ ཁོང་ཚུའི་སེམས་ལུ་བློ་འགྱོད་སྐྱེད་ཞིནམ་ད། རེ་རེ་བཞིན་དུ་ང་ཨིན་ནམ་ལགས་ཟེར་ཞུཝ་ད་ལུ།། ༢༠ ཁོང་ཚུའི་ལན་ལུ་ཡེ་ཤུ་གྱིས། སློབ་མ་བཅུ་གཉིསཔ་ལས་གཅིག་ང་དང་མཉམ་ཕོརཔ་ནང་ལགཔ་བཙུགས་མི་དེ་ཨིན།། ༢༡ འབྲིས་ཡོད་མི་ནང་གསལ་མིའི་བུ་འདི་བཤགས་དགོཔ་ཨིན་རུང་། མིའི་བུ་ལུ་སྦྱིད་བསྐོར་བརྐྱབ་མི་དེ་ལུ་སྡུག་བསྔལ་ཆེ། མི་དེ་མ་སྐྱེས་རུང་ལེགས་པས་ཟེར་གསུངས་ནུག།། ༢༢ ཁོང་ཚུ་ཚོགས་བཞེས་པའི་སྐབས། ཡེ་ཤུ་གྱིས་འཁུར་ལེབ་ཕྱག་ལུ་བསྣམས་ཏེ་སྨོན་ལམ་བཏབ་ཞིནམ་ད་བཅག་སྟི། སློབ་མ་ཚུ་ལུ་གནང་ཞིནམ་ལས། འདི་ངི་གིས་ཤ་གཟུགས་ཨིན། ལེན་ཞིནམ་ད་བཟའ་ཟེར་གསུངས་ནུག།། ༢༣ ཁོ་གྱིས་ཕོརཔ་ཕྱག་ལུ་བསྣམས་ཞིནམ་ད། བཀའ་དྲིན་ལེགས་སོ་ཕུལ་ཏེ་ཁོང་ལུ་གནང་ནུག། ག་ར་གྱིས་ཕོརཔ་དེ་ལས་འཐུང་ནུག།། ༢༤ ཁོ་གྱིས་ཁོང་ཚུ་ལུ། འདི་ཞལ་ཆད་གསརཔ་འདི་ངི་ཁྲག་ཨིན། ཁྲག་དེ་ཀྱིས་མང་ཤོས་ཀྱིས་སྡིག་པ་ཚུ་འདག་གནང་ཡི།། ༢༥ དཀོན་མཆོག་གིས་རྒྱལ་སྲིད་ནང་ལུ། གསརཔ་སྦེ་མ་འཐུང་བའི་ཉིམ་དེའི་བར་ནང་ཚུན། ང་གིས་རྒུན་ཤིང་ཁུ་བ་དི་ལས་མི་འཐུང་ཟེར་ང་གིས་ཁྱེད་ལུ་བདེན་པ་སྦེ་སླབས་ཨིན་ཟེར་གསུངས་ནུག།།
པི་ཏྲོའི་རྒྱབ་ལོག་འབད་བའི་སྐོར་ལས།
༢༦ དེ་ལས་ཁོང་ཚུ་མགུར་མ་གཅིག་འཐེན་ཞིནམ་ད་སྐྱུར་ཤིང་རི་བོ་ལུ་འབྱོན་ནུག།། ༢༧ ཡེ་ཤུ་གྱིས་ཁོང་ལུ། འབྲིས་ཡོད་མི་གནང་གསལ་ལས། ངི་ལུགས་རྫིབ་ལུ་བརྡུངས་མཛོག་འབད་དི། ལུག་ཚུ་ཁ་གཏོར་འགྱོ་འོང་ཟེར་ཡོད། དེ་ཆེ་ཕྱི་རུ་ར་ཁྱེད་ག་ར་གྱིས་ང་བཀོག་བཞག་འབྱོག་འགྱོ་འོང་།། ༢༨ ཨིན་རུང་ང་གསོནཔོ་ལོངས་པའི་ཚེས། ཁྱེད་ཚུའི་ཧེ་མ་གཱ་ལི་ལི་ལུ་ང་ལྷོད་འོང་ཟེར་ནེ་སྦེ་གསུངསམ་ད་ལུ།། ༢༩ པི་ཏྲོའི་ཁོ་ལུ། མི་ག་ར་གྱིས་ཁྱོད་ལུ་རྒྱབ་ལོག་འབད་རུང་། ང་གིས་རྩ་ལས་རྒྱབ་མི་ལོག་ཟེར་ཞུཝ་ད་ལུ།། ༣༠ ཡེ་ཤུ་གྱིས་ཁོ་ལུ། ང་གིས་ཁྱོད་ལུ་བདེན་པ་སྦེ་སླབས་ཨིན། དེ་རིང་ཕྱི་རུ་རང་། བྱཔོ་ཚར་གཉིས་མ་འབོ་བའི་ཧེ་མ་ལས་ཁྱོད་ཀྱིས་ཚར་གསུམ་ང་ལུ་རྒྱབ་ལོག་འབད་འོང་ཟེར་གསུངས་ནུག།། ༣༡ པི་ཏྲོ་གྱིས། ང་ཁྱོད་དང་མཉམ་ཤི་དགོ་རུང་ང་གིས་རྩ་ལས་ཁྱོད་ལུ་རྒྱབ་མི་ལོག་ཞུ་ནུག། འདི་བཟུམ་སློབ་མ་ག་ར་གྱིས་དེ་སྦེ་ཞུ་ནུག།།
རྒེད་ཚ་མ་ནི་ལུ་ཡེ་ཤུའི་སྨོན་ལམ།
༣༢ ཁོང་ཚུ་གེད་ཚ་མ་ནི་ཟེར་ས་ཕེབས་ཞིནམ་ལས། ཁོ་རའི་སློབ་མ་ཚུ་ལུ། ང་སྨོན་ལམ་ཞུ་བའི་བར་དུ་ཁྱེད་ཚུ་འདི་ཁར་སྡོད་ཟེར་གསུངས་ནུག།། ༣༣ ཁོའི་མཉམ་པི་ཏྲོ་དང་། ཡ་ཀོབ་དང་ཡོ་ཧ་ནན་ཚུ་འཁྱེད་ཞིནམ་ལས་ཐུགས་འཚེར་སེའུ་ཅིས་སྦེ་འབྱོན་ནུག།། ༣༤ ཁོང་གསུམ་ལུ། ང་ཤི་ནི་འགུ་ཐུགས་ཡོདཔ་བཟུམ་སེམས་ལུ་ག་ཅིས་དེ་མྱ་ངན་འབྱུང་མས། ཁྱེད་གསུམ་འདི་ཁར་གཉིད་མ་ལོག་པར་སྡོད་ཟེར་གསུངས་ཞིནམ་ད།། ༣༥ ཨ་ཙི་ཕར་བལྟ་འབྱོན་ཞིནམ་ད་སྐུ་གཟུགས་ས་ཁར་བཙུགས་ཏེ་སྨོན་ལམ་ཞུ་ནུག།། མཛད་ཚུགས་པ་ཅིན་དུས་ཚོད་དེ་ང་ལས་བརྒལ་བཅུག།། ༣༦ ཨབ་བ། ཡབ་ལགས། ག་ཆིས་ར་ཁྱོད་ཀྱིས་མཛད་མ་ཚུགསཔ་མེད། ཕོརཔ་འདི་ང་ལས་བསྣམ་འབྱོན། ག་དེ་སྐོར་རུང་དི་འདོད་པ་ལྟར་དུ་མིན་པར་ཁྱོད་རའི་ཐུགས་འདོད་བཞིན་དུ་མཛད་གནང་ཟེར་སྨོན་ལམ་བཏབ་ནུག།། ༣༧ ཁོ་ཚུར་འབྱོནམ་ད་ཁོང་སློབ་མ་ཚུ་གཉིད་ལོགཔ་གཟིགས་ཏེ། ཁོང་ཚུ་ལུ། པི་ཏྲོ། སི་མོན། ཁྱེད་གཉིད་ལོག་ཅིས་ཡ། ཆུ་ཚོད་གཅིག་ཡང་ཁྱེད་སྡོད་མ་ཚུགསཔ་ཨིན་ན།། ༣༨ བར་ཆད་ནང་ལུ་མི་ཚུད་ནི་ཐབས་ལུ། གཉིད་མ་ལོག་པར་གསོལཝ་བཏབ། ངེས་པར་དུ་སྙིང་རུས་ཡོད་རུང་གཟུགས་སྟོབས་ཞན་པས་ཟེར་གསུངས་ནུག།། ༣༩ ད་རུང་ལོག་འབྱོན་ཞིནམ་ད་གསོལཝ་བཏབ་སྟེ་འདི་ཅོག་འཐདཔ་ཞུ་ནུག།། ༤༠ ཁོ་ཚུར་ལོག་འབྱོནམ་ད། ད་རུང་ཁོང་གཉིད་ལོགཔ་གཟེགས་ནུག། ག་ཅིསམ་ཟེརན་ཁོང་ཚུའི་མིག་ཏོ་འཐིབས་ཡོདཔ་ལས། ཁོང་ཚུ་གྱིས་ཁོ་ལུ་ལན་གང་ཡང་ཞུ་མ་ཤེས་ནུག།། ༤༡ ཁོ་ཚར་གསུམ་ལོག་འབྱོན་ཞིནམ་ད་ཁོང་ལུ། ད་ལྟོ་ཡང་གཉིད་ལོག་འདི་ངལ་གསོཝ་ཨིན་ན། ད་བཏུབ་པས། དུས་ཚོད་རན་ཡི། མིའི་བུ་འདི་སྡིག་ཅན་ཚུའི་ལགཔ་ལུ་རན་ཡི།། ༤༢ ཡར་ལོངས། ང་བཅས་ར་འགྱོ་གེ། ང་ལུ་བྱིད་སྐོར་བརྐྱབ་པའི་མི་དེ་ཡང་སྦོ་ལོག་ཁར་ལྷོད་ཅིས། བལྟ་ཟེར་གསུངས་ནུག།།
ཡེ་ཤུ་འཛིན་གཟུང་འབད་ཡོདཔ།
༤༣ ཁོ་གྱིས་དེ་སྦེ་གསུངས་བའི་བར་ནང་། དེ་ཕྲལ་ལས་ཁོང་སློབ་མ་བཅུ་གཉིསཔ་ཀྱིས་ནང་ལས་ཡུ་དཱས་ཟེར་མི་དེ་དང་མཉམ་གཅིག་ཁར་མི་དཔུང་ཚོགས་དང་བཅསཔ་སྦེ་བླམ་བླ་ཆེན་དང་། མཁན་པོ་དང་རྒན་ཤོས་ཚུ་ག་ར་ལགཔ་ལུ་གྱི་རིང་དང་ཁརཝ་སྦག་དི་ཁོ་བཞུགས་སར་འཐོན་འོངས་ནུག།། ༤༤ ཁོ་ལུ་སྦྱིད་བསྐོར་བརྐྱབ་མི་དེ་གྱིས། ང་གིས་ག་ལུ་ཁ་འུ་བཀལ་མི་དི་ཡེ་ཤུ་ཨིན། གཟུང་ཞིནམ་ད་ན་ཐེན་འབད་འཁྱིད་སོང་ཟེར་བརྡ་བསྐུལ་འབད་ནུག།། ༤༥ ཡུ་དཱས་ཀྱིས་ཡེ་ཤུ་མཇལཝ་ཅིས་ཁོ་ལུ། སློབ་དཔོན་ལགས། སློབ་དཔོན་ལགས། ཞུ་ཞིནམ་ལས་ཁ་འུ་བཀལཝ་ཅིས། ༤༦ མི་ཚུ་གྱིས་ཡེ་ཤུ་འཛིན་གཟུང་འབད་དི་འཁྱིད་སོངས་ནུག།། ༤༧ དེ་ཁར་ཡོད་པའི་སློབ་མ་གཅིག་གིས་གྱི་རིང་བཏོན་དི། བླམ་བླ་ཆེན་གྱིས་བྱ་རོགས་གཅིག་བརྫམ་འདི། ཁོའི་རྣམ་ཅོག་ཡ་གཅིག་བཏོག་གཏང་ནུག།། ༤༨ ཡེ་ཤུ་གྱིས་ཁོང་ལུ། ཁྱེད་ཚུ་ང་ལུ་གྱི་རིང་དང་འཁརཝ་སྦག་དི་ཨརཝ་བཟུམ་གཟུང་བར་འོངམ་ཨིན་ན།། ༤༩ ང་ཉིམ་ཨ་རྟག་ར་མཆོད་ཁང་ནང་ཁྱེད་མཉམ་ཆོས་བཤད་འབད་རུང་ཁྱིད་ཚུ་གྱས་ང་མ་གཟུང་། དེ་ཚུ་གསུབས་རབ་ནང་བཞིན་འགྲུབ་ནི་དོན་ལུ་ཨིན་ཟེར་གསུངས་ནུག།། ༥༠ སློབ་མ་ག་ར་གྱིས་ཡེ་ཤུ་བཀོག་བཞག་སྟི་འབྱོག་སོངས་ནུག།།
མི་གཞོནམ་གཅིག་འབྱོག་འགྱོཝ།
༥༡ དེ་བསྒང་མི་གཞོནམ་རས་ཅང་བགོ་ལ་འགྱོན་མི་གཅིག་ཡེ་ཤུའི་རྟིང་ཤུལ་འོངམ་ད། མི་ཚུ་གྱིས་ཁོ་གཟུང་ནི་འབདཝ་ད་ལུ། ༥༢ རས་ཀྱང་བགོ་ལ་དི་ཕུད་བཞག་སྟེ་གཟུགས་སྒྱེ་མོ་སྦེ་འབྱོག་སོངས་ནུག།།
ཡེ་ཤུ་ལྷན་རྒྱས་ཚུའི་གདོང་ཁར།
༥༣ ཁོང་ཚ་གྱིས་ཡེ་ཤུ་བླམ་བླ་ཆེན་ཡོད་སར་གདན་དྲང་སྟེ། དེ་ཁར་བླམ་བླ་ཆེན་དང་། རྒན་ཤོས་དང་། མཁན་པོ་ཚུ་འཛོམས་ཡོདཔ་ཨིན་པས།། ༥༤ པི་ཏྲོ་ཁོའི་རྟིང་བརྡའ་ཐག་རིང་སར་ལས་འོངས་ཏེ། བླམ་བླ་ཆེན་གྱིས་ཕི་བྲང་ཚུན་འོངས་ཞིནམ་ལས་ཁོང་གི་བྱ་རོགས་ཚུ་མཉམ་མེ་གསོ་སྡོད་ནུག།། ༥༥ བླམ་བླ་ཆེན་དང་ལྷན་རྒྱས་ག་ར་གྱིས་ཡེ་ཤུ་བཀྲོང་ནིའི་དོན་ལུ། ཉེལ་པ་འཚོལ་རུང་ག་ཅིས་ཡང་མ་ཐོབ་པས།། ༤༦ ག་ཅིསམ་ཟེརན་མི་ག་ར་གྱིས་ཁོ་ལུ་མ་རངས་པར་དཔང་གཞག་རྗུས་མ་འཐོན་རུང་། ཁོང་རང་ནང་འཁོད་ཁ་མ་མཐུན་པས།། ༥༧ མི་རེ་རེ་ལོངས་ཞིནམ་ལས་ཁོ་ལུ་བརྫུན་ཚིག་དེ་སྦེ་སླབས་ནུག།། ༥༨ ཁོ་གྱིས་ལགཔ་གྱིས་བཟོ་ཡོད་པའི་མཆོད་ཁང་འདི་མེདཔ་བཏང་ཞིནམ་ད། ལགཔ་གྱིས་བཟོ་མ་དགོ་པའི་པར་མཆོད་ཁང་གཞན་གཅིག་ང་གིས་བཞག་གསུམ་ལུ་བཟོ་འོང་ཟེར་ཁོ་གྱིས་དེ་སྦེ་སླབས་ཡོདཔ་ང་བཅས་ཀྱིས་རྣཝ་གོ་ཡི་ཟེར་རུང་།། ༥༩ ཁོང་ཚུ་བློའོ་མ་མཐུན་པས།། ༦༠ དེ་ལས་བླམ་བླ་ཆེན་གྱིས་མིའི་སྦུག་ནང་ལོངས་ཞིནམ་ལས་ཡེ་ཤུ་ལུ། མི་དམང་གིས་ཁྱོད་ལུ་མ་རངས་པའི་གཏམ་སླབས་རུང་། ཁྱོད་ཀྱིས་ལན་ལོག་འཇལ་ནི་མེདཔ་ཨིན་ན་ཟེར་ཞུ་རུང་།། ༦༡ ཁོ་གྱས་ལན་གསལ་གན་ཡང་མ་གསུངས་པར་ཁུ་སིམ་སིམ་སྦེ་བཞུགས་པའི་སྐབས། བླམ་བླ་ཆེན་གྱིས་ད་རུང་དྲི་བ་དཔྱད་འདི་ཁོ་ལུ། བསྟོད་དི་ཡོད་མིའི་སྲས་མ་ཤི་ཀ་ཁྱོད་འིན་ནམ་ཟེར་ཞུཝ་ད་ལུ།། ༦༢ ཡེ་ཤུ་གྱིས། ང་ཨིན། ཁྱེད་ཀྱིས་མིའི་བུ་འདི་བཀུན་དབང་གི་ཕྱག་གཡས་ལུ་བཞུགས་ཞིནམ་ད། ཞིང་ཁམས་ཀྱིས་སྤྲིན་འགུ་ལས་འབྱོན་པའི་སྐབས་ཁྱེད་ཀྱིས་མཇལ་འོང་ཟེར་གསུངས་ནུག།། ༦༣ བླམ་བླ་ཆེན་གྱིས་ཁོ་རའི་བགོ་ལ་ཧྲལ་ཞིནམ་ལས་ང་བཅས་ལུ་ད་རུང་དཔང་གཞག་དགོཔ་མིན་འདུག།། ༦༤ ཁོ་གྱིས་སྐུར་པ་བཏབ་ཡོདཔ་འདི་ཁྱེད་ཚུ་གྱིས་རྣཝ་གོ་ཡི། ཁྱེད་ཀྱིས་མནོ་བསམ་ལུ་ག་ཅིས་ཡོདཔ་ཟེར་སླབསཞིནམ་ད། ག་ར་གྱིས་ཁོ་བཀྲོང་ནིའི་ཉེས་ཁྲིམས་བཀལ་ནུག།། ༦༥ དེ་ཡས་ཁོང་ལ་ལུ་གཅིག་གིས་ཁོ་ལུ་མཆིལ་མ་གཏོར། ལ་ལུ་གྱིས་ཁོའི་ཞལ་སྤུར་ཏེ་རྗོག་དྲངས་ཞིནམ་ལས་ཁོ་ལུ། མངོན་ཤེས་ཡོདན་སླབས་ཟེར་ནུག། བྱ་རོགས་ཚུ་གྱིས་ཡང་ཁོའི་འགུ་འགྲམ་ལྕག་དྲངས་ནུག།།
པི་ཏྲོ་གྱིས་ཁོ་ལུ་རྒྱབ་ལོག་འབད་ཡོདཔ།
༦༦ དེ་བསྒང་པི་ཏྲོ་ཕོ་བྲང་འོག་ལུ་སྡོད་པའི་ཚེས། བླམ་བླ་ཆེན་གྱིས་གཡོགམོ་གཅིག་འོངས་ཞིནམ་ད།། ༦༧ པི་ཏྲོ་མེ་གསོ་ཡོདཔ་མཐོང་དི། ཁོ་ལུ་བལྟ་ཞིནམ་ལས་མོ་གྱིས། མི་ཁྱོད་ཡང་ན་ཙ་རེད་པ་ཡེ་ཤུ་མཉམ་ཡོདཔ་ཨིན་ཟེར་སླབས་ད་ལུ།། ༦༨ ཁྱོད་ག་ཅིས་སླབས་ཨིན་ན་ང་གིས་མ་ཤེས། ང་གིས་ཧ་མ་གོ་ཟེར་ཁོ་རྒྱབ་ལོག་འབད་དི། ཕྱི་འཐོན་ཞིནམ་ད་རྒྱལ་སྒོའི་ནང་ལུ་ལྷོདཔ་ད་བྱཔོ་འབོ་ནུག།། ༦༩ ད་རུང་གཡོགམོ་གཅིག་གིས་པི་ཏྲོ་མཐོང་ཞིནམ་ལས་། དེ་ཁར་ཡོད་མི་ཚུ་ལུ་མོ་གྱིས། ཁོང་ཚུའི་འགྱལ་ལས་གཅིག་ཁོ་ཨིན་ཟེར་སླབས་ད་ལུ།། ༧༠ ད་རུང་པི་ཏྲོ་གྱིས་རྒྱབ་ལོག་འབད་ནུག། ཨ་ཙི་ཁར་ལས་དེ་ཁར་ཡོད་མི་ཚུ་གྱིས་པི་ཏྲོ་ལུ། ཁྱོད་གཱ་ལི་ལི་པ་གཅིག་ཨིན་པས།། དེ་ཆུའི་འགྱལ་ལས་གཅིག་ཁྱོད་ཨིནམ་ཐག་ཆོད་པས། ག་ཅིསམ་ཟེརན་ཁྱོད་སླབས་ཐང་དེ་ཁོང་བཅོག་འཐདཔ་འདུག་ཟེར་སླབས་ད། ༧༡ ཁོ་གྱིས་གཏམ་ངན་སླབས་ཞིནམ་ལས་མནའ་འབོ་དི། ཁྱེད་ཀྱིས་སླབས་པའི་མི་འདི་ང་གིས་རྩ་ལས་ངོ་མི་ཤེས་ཟེར་སླབས་ཚརཝ་ཅིས།། ༧༢ བྱཔོ་ཚར་གཉིས་འབོ་ནུག། དེ་ལས་བྱ་པོད་ཚར་གཉིས་མ་འབོ་པའི་ཧེ་མ་ལས། ཁྱོད་ཀྱིས་ང་ལུ་ཚར་གསུམ་རྒྱབ་ལོག་འབད་འོང་ཟེར་ཡེ་ཤུ་གྱིས་གསུངས་ཡོདཔ་དེ་པི་ཏྲོའི་སེམས་ལུ་དྲན་པ་འོངས་ཏེ་ཁོ་གནམ་མེད་ས་མེད་སྔུ་ནུག།།
ཡེ་ཤུ་རོ་མཱན་གྱིས་བཀའ་བློན་པི་ལ་ཏི་ཡོད་སར་གདན་དྲངས་ནུག།།
༄༅།། འདི་ཕྲལ་ལས་འདྲོ་པ་གནམ་ལངམ་ད་ལུ་བླམ་བླ་ཆེན་གྱིས་རྒན་ཤོས་དང་། མཁན་པོ་དང་། ལྷན་རྒྱས་ཚུ་མཉམ་བསྟུན་བགྲོས་བརྐྱབས་སྟི། ཡེ་ཤུ་ཕྱག་བཅིངས་ཞིནམ་ལས་པི་ལ་ཏི་ཡོད་སར་འཁྱིད་བཀལ་ནུག།། ༢ པི་ལ་ཏི་གྱིས་ཁོ་ལུ། ཁྱོད་ཡ་ཧུ་དཱའི་རྒྱལཔོ་ཨིན་ན་ཟེར་ཞུཝ་ད་ལུ། ཡེ་ཤུ་གྱིས་ཁོ་ལུ། ཁྱོད་སླབས་དོ་བཟུམ་རང་ཨིན་གསུངས་ནུག།། ༣ བླམ་བླ་ཆེན་ཚུ་གྱིས་ཁོ་ལུ་ཉེས་པ་ལེ་ཤ་བཀལ་དི་འབད་རུང་ལན་གང་ཡང་མ་གསུངས་པར་བཞགས་ནུག།། ༤ པི་ལ་ཏི་གྱིས་ཁོ་ལུ། ཁོང་ཚུའི་ཁྱོད་ལུ་ཉེས་སྐྱོན་ལེ་ཤ་བཏོན་ཡོད་རུང་། ལན་གང་ཡང་འཇལ་ནི་མེདཔ་ཨིན་ན་ཟེར་ཞུ་རུང་།། ༥ ཡེ་ཤུ་གྱིས་བཀའ་ལན་གང་ཡང་མ་གསུངས་པར་པི་ལ་ཏི་ཡང་ཡ་མཚན་ཆེ་ནུག།།
ཡེ་ཤུ་ལུ་ཉེས་ཁྲིམས་བཀལ་ཡོདཔ།
༦ དུས་ལེན་ལོ་ལྟར་ལུ་མི་དམང་གི་དགའ་བའི་བཙོན་པ་ཚེ་ཐར་གཏང་བའི་ལུགས་སྲོལ་ཡོདཔ་ཨིན་པས།། ༧ དེ་བསྒང་ནང་ཁྲུག་ལངས་སྟི་དམར་གསད་འབད་མི་ངོ་ལོགཔ་ཚུ་ལས་བཙོན་པ་བྷ་ར་སྦཱས་ཟེར་མི་གཅིག་ཡོདཔ་ཨིན་པས།། ༨ མི་དམང་གིས་པི་ལ་ཏི་མཇལ་ཞིནམ་ད་ཁོ་ལུ། ཨ་རྟག་རའི་ལུགས་སྲོལ་བཟུམ་ཁོང་ལུ་མཛད་གནང་ཟེར་སླབས་ད་ལུ། ༩ པི་ལ་ཏི་གྱིས་ཁོང་ལུ། ཁྱེད་ལུ་ང་གིས་ཡ་ཧུ་དཱའི་རྒྱལཔོ་འདི་ཚེ་ཐར་གཏང་དགོཔ་ཨིན་ན་ཟེར་དྲིས་ནུག།། ༡༠ ག་ཅིསམ་ཟེརན་བླམ་བླ་ཆེན་ཚུ་གྱིས་ཕྲག་དོག་འབད་འདི་ཁོ་ཡོད་སར་འཁྱིད་འོངམ་ལས་རྟེན་དི་ཨིན་པས།། ༡༡ འདི་འབདཝ་ད་བླམ་བླ་ཆེན་དེ་ཚུ་གྱིས་བྷ་ར་སྦཱས་འདི་ཚེ་ཐར་གཏང་དགོཔ་སྦེ་མི་ཚུ་ལུ་བརྡའ་བསྐུལ་འབད་ནུག།། ༡༢ པི་ལ་ཏི་གྱིས་མི་ཚུ་ལུ། ཁྱེད་ཚུ་གྱིས་ཡ་ཧུ་དཱའི་རྒྱལཔོ་ཨིན་ཟེར་མི་དེ་ལུ་ང་གིས་ག་ཅིས་འབད་དགོཔ་ཡོདཔ་ཟེར་དྲིཝ་ད་ལུ།། ༡༣ ཁོང་ཚུ་གྱིས་སྐད་སྦོམ་བཏོན་དི་ཁོ་ཁྲམ་ཤིང་འགུ་བརྐྱང་ཟེར་སླབས་ནུག།། ༡༤ དེ་ལས་པི་ལ་ཏི་གྱིས་ཁོང་ལུ། ཁོ་གྱིས་ཉེས་པ་ག་ཅིས་འབད་ཡོདཔ་ཟེར་སླབས་རུང་། ཁོང་གྱིས་ཧེང་བཀལ་སྐད་སྦོམ་བཏོན་འདི། ཁོ་ཁྲམ་ཤིང་འགུ་བརྐྱང་ཟེར་སླབས་ནུག།། ༡༥ པི་ལ་ཏི་གྱིས་མི་ཚུ་གྱིས་བློ་འདོད་སྟར་དུ། བྷ་ར་སྦཱས་འདི་ཚེ་ཐར་གཏང་འབད་ཞིནམ་ད། ཡེ་ཤུ་ལུ་རྟེ་ལྕགས་ཀྱིས་བརྡུངས་ཞིནམ་ད། ཁྲམ་ཤིང་འགུ་བརྐྱང་ནི་དོན་ལས་སྤྲོད་ནག།། ༡༦ དམག་མི་ཚུ་གྱིས་ཡེ་ཤུ་ཚོགས་ཁང་ནང་ལུ་འཁྱིཔ་དི། དམག་ཚོགས་གེ་ར་སྤུངས་འོངས་ཞིནམ་ལས།། ༡༧ ཁོང་ཚུ་གྱིས་ཁོ་ལུ་ན་བཟའ་དམརཔོ་བཞེས་བཅུག། རྩང་གི་དབུ་ཞ་བཟོ་དི་དབུ་ལུ་བཙུགས་ཏེ།། ༡༨ ཡ་ཧུ་དཱའི་རྒྱའཔོ་ལུ་ཕྱག་འཚལ་ལོ་ཟེར་འཕྱ་ཞིནམ་ད།། ༡༩ ཁོང་ཚུ་གྱིས་སྦ་འཁརཝ་གྱིས་དབུའི་འགུ་དྲངས། ཞལ་ལུ་མཆིལ་མ་གཏོར། པུས་མོ་ས་ཁར་བཙུགས་ཏེ་ཁོ་ལུ་ཕྱག་འཚལ་ནུག།། ༢༠ ཁོ་ལུ་དམདཔ་བརྐྱབས་དི་འཕྱ་མཚར་ཞིནམ་ལས། ན་བཟའ་དམར་པོ་དེ་ཕུད་ཞིནམ་ད་ཁོ་རའི་ན་བཟའ་འདི་བཞེས་བཅུག་འདི། ཁྲམ་ཤིང་འགུ་བརྐྱང་ནི་སྦེ་ཁོ་འཁྱིད་སོངས་ནུག།། ༢༡ ཨེ་ལེག་སན་དྲར་དང་རུ་ཕུས་ཀྱིས་ཨ་པ་སའི་རེན་ལུངམ་ཕྱོགས་ལས་ཨིན་མི་སི་མོན་ཟེར་མི་དེ་ཕྱོགས་གཞན་ལས་འོངམ་ད། ཁོང་ཚུ་གྱིས་ཡེ་ཤུ་གྱིས་ཁྲམ་ཤིང་འདི་ཁོ་ལུ་དབང་བཙོང་སྦེ་སྦག་བཅུག་ནུག།། ༢༢ ཁོང་ཚུ་གྱིས་ཡེ་ཤུ་གོལ་གོ་ཐཱ་ཟེར་བའི་ཐོདཔ་ཀྱིས་ས་ཆ་ལུ་གདན་དྲངས་ནུག།། ༢༣ ཁོང་ཚུ་གྱིས་རྒུན་ཆང་ནང་གན་དཱ་ར་ས་བསྲེས་འདི་ཁོ་ལུ་བླུགཔ་དྲངམ་ད། ཁོ་གྱིས་མ་བཞེས་པས།། ༢༤ དེ་ལས་ཁོང་ཚུ་གྱིས་ཡེ་ཤུ་ཁྲམ་ཤིང་འགུ་བརྐྱངས་ཞིནམ་ད། ཁོའི་ན་བཟའ་བགོ་བཤའ་བརྐྱབ་ནི་དོན་ལས། མི་རེ་རེ་ག་ཅིས་ཐོབ་གམ་ཤོ་བརྐྱབས་ནུག།། ༢༥ ཁོང་གིས་ཁོ་ཁྲམ་ཤིང་འགུ་བརྐྱངས་བའི་དུས་ཚོད་དི་ཉི་མ་ཆུ་ཚོད་དགུ་ལུ་ཨིན་པས།། ༢༦ ཁོ་ལུ་སྐྱོན་བཏགས་དི། འདི་ཡ་ཧུ་དཱའི་རྒྱལཔོ་ཨིན་ཟེར་ཁོའི་དབུའི་བལྟག་ལུ་ཡི་གུ་འབྲིས་ནུག།། ༢༧ ཁོ་དང་མཉམ་ཨརཝ་བརྐྱབས་མི་གཉིས་ཡང་ཁོའི་གཡས་ལུ་གཅིག་དང་གཡོན་ལུ་གཅིག་ཁྲམ་ཤིང་འགུ་བརྐྱངས་ནུག།། ༢༨ གསུངས་རབ་ནང་ལུ་བྲིས་ཡོདཔ་བཟུམ། ཁོ་ལུ་མ་རངས་མི་ལེ་ཤ་འཐོན་འོང་ཟེར་ཡོདཔ་དེ་འབྱུང་ནུག།། ༢༩ ཡར་མར་འགྱོ་མི་ཚུ་གྱིས་འགུ་ཏོ་གཡུག་དི་དམད་ཕབས་བརྐྱབས་ཏེ་ཁོ་ལུ། མཆོད་ཁང་མེདཔ་བཟོ་ཞིནམ་ད། བཞག་གསུམ་ལུ་ལོག་འགྲུབ་ཚུགས་མི་ཁྱོད།། ༣༠ ཁྱོད་རང་ལུ་རྒྱབ་སྐྱོར་འབད་དི། ཁྲམ་ཤིང་འགུ་ལས་མར་བབས་ཤོག་ཟེར་སླབས་ནུག།། ༣༡ འདི་བཟུམ་བླམ་བླ་ཆེན་ཚུ་གྱིས་མཁན་པོ་ཚུ་མཉམ་ཕར་ཚུར་གཏམ་སླབས་དི། ཁོ་གྱིས་གཞན་ལུ་སྐྱབས་འཛད་ཚུགས་རུང་། ཁོ་རང་ལུ་སྐྱབས་འཛད་མི་ཚུགས་པས་ཟེར་ནུག།། ༣༢ ཨཱིས་ར་ཡལ་གྱིས་རྒྱལཔོ་མ་ཤི་ཀ། ང་བཅས་ཁྱོད་ལུ་དད་པ་སྐྱེད་ཚུགས་ནི་དོན་ལུ། ད་ལྟོ་རྐྱང་ཤིང་འགུ་ལས་མར་འབབ་ཤོག་ཟེར་སླབས་ནུག། ཁོ་མཉམ་བརྐྱངས་ཡོད་མི་གཉིས་ཀྱིས་ཡང་དེ་སྦེ་ཁོ་ལུ་འཕྱ་ནུག།། ༣༣ ཉིན་ཕྱེད་ལས་ཆུ་ཚོད་གསུམ་གྱིས་བར་ནང་ལུ་ས་གཞིག་ར་མུན་ནག་ལུ་འགྱུར་སོ་ནུག།། ༣༤ ཆུ་ཚོད་གསུམ་དེ་ཅིས་ལུ་ཡེ་ཤུའི་གསུངས་སྐད་སྦོམ་བཏོན་དི། ཨི་ལོའི། ཨི་ལོའི། ལཱ་མ་ས་བྷད་ཐ་ནི། རྫོང་ཁ་སྐད་ནང་ལུ་འབད་བ་ཅིན། ངི་དཀོན་མཆོག། ངི་དཀོན་མཆོག། ཁྱོད་ཀྱིས་ང་ག་ཅིས་སྦེ་བཀོག་བཞགཔ་སྨོ་ཟེར་གསུངས་ནུག།། ༣༥ དེ་ཁར་ཡོད་མི་ལ་ལུ་གཅིག་གིས་རྣཝ་གོ་ཞིནམ་ལས། ཁོ་གྱིས་ཨི་ལི་ཇ་འབོཝ་མས་ཟེར་སླབས་ནུག།། ༣༦ གཅིག་གིས་བརྒྱུགས་སོངས་ཞིནམ་ལས། ཆུ་བལ་གཅིག་ནང་ཆང་སྐྱུརཔོ་སྦངས་དི་སྦ་འཁརཝ་འགུ་བཀལ་ཏེ། ཁོ་ལུ་བཞེས་ཟེར་དྲངས་ཞིནམ་ལས། ཨི་ལི་ཇ་གྱིས་ཁོ་ཕབ་འབྱོན་མི་འབྱོན་བལྟ་གེ་ཟེར་སླབས་ནུག།། ༣༧ དེ་ལས་ཡེ་ཤུའི་གསུངས་སྐད་སྦོམ་བཏོན་དི་སྐུ་སྲོག་གནང་ནུག།། ༣༨ དེ་བསྒང་མཆོད་ཁང་གི་ཡོལ་ལ་བརྐྱངས་ཡོདཔ་དེ་ཡང་འགུ་ལས་མཇུག་ཚུན་ཁག་གཉིས་སྦེ་ཏྲལ་སོ་ནུག།། ༣༩ ཁོའི་སྐུ་མདུན་ལུ་ཡོད་མི་དམག་མིའི་བརྒྱ་དཔོན་དེ་ཡེ་ཤུ་གྱིས་དེ་སྦེ་གསུངས་སྐད་སྦོམ་བརྐྱབ་ལྟི་བཤགས་ཡོདཔ་མཇལ་ཞིནམ་ད། འདི་སྐྱེས་བུ་དེ་དཀོན་མཆོག་གིས་སྲས་ངས་བདེན་ཨིན་པས་ཟེར་སླབས་ནུག།། ༤༠ དེ་ཁར་ལུ་ཐག་རིང་སར་ལས་ཁོང་ཨམ་སྲུ་ཚུ་ཡང་བལྟ་དི་ཡོདཔ་མས། དེ་ཚུའི་གྱལ་ལས་མིར་ཡམ་མག་དཱལ་དང་། ཡ་ཀོབ་ཆུང་ཤོས་དང་ཡོ་སེལི་ས་ལོ་མེ་ཚུ་ཡོདཔ་ཨིན་པས།། ༤༡ ཁོང་ཚུ་ཡེ་ཤུ་གཱ་ལི་ལི་བཞུགས་པའི་སྐབས་རྟིང་ཤུལ་ཞབས་ཏོག་ཞུ་དི་འོངས་མི་དང་། དེ་ལས་ཁོ་མཉམ་ཡེ་རུ་ཤ་ལེམ་ལུ་འོངས་མི་ཨམ་སྲུ་གཞན་ཡང་ཡོདཔ་ཨིན་པས།།
ཡེ་ཤུའི་སྐུ་ཕུངམོ་དུར་ཁང་ནང་ལུ་བཙུགས་ཡོདཔ།
༤༢ གནམ་ཕྱི་རུ་འགྱོཝ་ད། དམ་པའི་དུས་བཟང་གི་ཉིམ་ཧེ་མ་ཕོགཔ་ལས།། ༤༣ མི་རྗེ་ལྷན་རྒྱས་ཨ་རི་མ་ཐི་པ་ཡོ་སེབ་ཟེར་མི་དི། དཀོན་མཆོག་གིས་རྒྱལ་སྲིད་ལུ་སྒུག་ཡོད་མི་དེ་འོངས་ཞིནམ་ད། བློ་ཁོག་འགུ་བཀལ་ཏེ་པི་ལ་ཏི་ཡོད་སར་སོངས་ཞིནམ་ལས། ཡེ་ཤུའི་སྐུ་ཕུངམོ་དེ་ཁོ་ལུ་གནང་ཟེར་ཞུཝ་ད་ལུ།། ༤༤ ཁོ་བཤགས་གམ་མ་བཤགས་པི་ལ་ཏི་ཡིད་མ་ཆེ་བར། དམག་མིའི་བརྒྱ་དཔོན་དེ་འབོ་ཞིནམ་ད། ཁོ་ལུ་འདྲི་བ་དཔྱད་ནུག།། ༤༥ ཁོ་གྱིས་དམག་མིའི་རྒྱ་དཔོན་ལས་འདྲི་བ་དཔྱད་ཞིནམ་ལས་སྐུ་ཕུངམོ་འདི་ཡོ་སེབ་ལུ་འབྱིན་ནུག།། ༤༦ ཁོ་གྱིས་ཁ་དར་ཉོ་སྦག་ཞིནམ་ལས་སྐུ་ཕུངམོ་ས་ཁར་ཕབ་ཞིནམ་ད། དར་ནང་སྤུར་ཏི། འབྱག་ནང་དོང་བརྐོ་བའི་དུར་ཁང་ནང་ལུ་བཙུགས་ཞིནམ་ལས། སྤུར་ཁང་སྒོའི་རྩ་བར་རྡོ་གཅིག་སྒྲིལ་བཞག་ནུག།། ༤༧ མིར་ཡམ་མག་དཱལ་དང་ཡོ་སེབ་ཀྱིས་ཨའི་མ་རི་ཡམ་ཚུ་གྱིས་ཁའི་སྐུ་ཕུངམོ་བཙུགས་ས་བལྟ་སྡོད་ནུག།།
ཡེ་ཤུ་སྐུ་གསོནཔོ་བཞེངས་ཡོདཔ།
༄༅།། དམ་པའི་དུས་བཟང་ཐལཝ་ད་ལུ། མ་རི་ཡམ་མག་དཱལ་དང་། ཡ་ཀོབ་ཀྱིས་ཨའི་མ་རི་ཡམ་དང་། ས་ལོ་མེ་ཚུ་གྱིས་སྐུ་ཕུངམོ་འགུ་དབུར་ནི་དྲི་བཟང་ཚུ་སྦག་ཞིནམ་ད།། ༢ བདུན་ཕྲག་གིས་ཉིམ་དང་པ་དེ་ལུ། དྲོ་པ་ཧ་སག་ལོངས་ཏེ་ཉིམ་ཤརཝ་ཅིས་སྤུར་ཁང་ཡོད་སར་ཁོང་ཚུ་ལྷོད་ནུག།། ༣ ཁོང་རང་གཅིག་གིས་གཅིག་ལུ། ང་བཅས་དོན་ལུ་སྤུར་ཁང་གི་རྡོ་འདི་ག་གིས་ལྷོག་གཏངམ་ཨིན་ན་ཟེར་སྡོད་ནུག།། ༤ ཁོང་གིས་དེ་སྦེ་བལྟཝ་ད་རྡོ་སྦོམ་འདི་ལྷོག་ཡོདཔ་མཐོང་ནུག།། ༥ ཁོང་ཚུ་སྤུར་ཁང་ནང་ལུ་འཛུལཝ་ད་ན་བཟའ་དཀརཔོ་བཞེས་ཡོད་མི་གཞོནམ་གཅིག་གཡས་ཁ་ཐུག་ལུ་བཞུགས་ཡོདཔ་མཐོང་སྟི་ཁོང་ག་ཅིས་དེ་འདྲོག་ནུག།། ༦ ཁོ་གྱིས་ཁོང་ལུ་འདྲོག་མེན་དགོ། ཁྱེད་ཚུ་ཁྲམ་ཤིང་འགུ་བརྐྱངས་མི་ན་ཙ་རེད་པ་ཡེ་ཤུ་འཚོལཝ་ཨིན་ན། ཁོ་སྐུ་གསོནཔོ་སྦེ་བཞེངས་ཡི། འདི་ཁར་མེད། ཁོའི་སྐུ་ཕུངམོ་བཞག་སའི་སྤུར་ཁང་ལུ་བལྟ།། ༧ འདི་འབདཝ་ད་ཁྱེད་ཚུ་སོབས་ཞིནམ་ད། ཁོའི་སློབ་མ་དང་པི་ཏྲོ་ལུ་དེ་སྦེ་སླབས། ཁོ་གྱིས་ཁྱེད་ལུ་ཧེ་མ་གསུངས་ཡོདཔ་བཟུམ་ཁྱེད་ཚུའི་ཧེ་མ་གཱ་ལི་ལི་ལུ་ཕེབས་ཡོདཔ་འོང་། དེ་ཁར་ཁྱེད་ཀྱིས་ཁོ་མཇལ་འོང་ཟེར་གསུངས་ནུག།། ༨ ཁོང་ཚུ་འདྲོག་རུང་སེམས་དགའ་སྟི། སྤུང་ཁང་ལས་དེ་ཕྲལ་ལས་རྒྱུགས་སོངས་ཏེ་ཚབ་ཚབ་འབདཝ་ལས་ག་ལུ་ཡང་མ་སླབས་པས།། ༩ ཡེ་ཤུ་བདུན་ཕྲག་གིས་ཉིམ་དང་པའི་དྲོ་པ་ཧ་སག་སྐུ་གསོན་པོ་སྦེ་བཞེངས་ཞིནམ་ལས། ཧེ་མ་ཁོ་གྱིས་གདོན་བགེགས་བདུན་བཏོན་བཏང་བའི་མ་རི་ཡམ་མག་དཱལ་གྱིས་འགོ་དང་པ་མོ་གྱིས་མཇལ་ཞིནམ་ད།། ༡༠ མོ་སོངས་ཏི། བསྡུ་དི་མྱ་ངན་འབད་མི་ཚུ་ལུ་ཁོའི་སྐོར་ལས་སླབས་རུང་།། ༡༡ ཁོང་ཚ་གྱིས་ཁོ་སྐུ་གསོནཔོ་སྦེ་བཞུགས་ལོདཔ་དེ། མརི་ཡམ་གྱིས་མཇལ་ཡི་ཟེར་མི་ལུ་བདེན་པ་མ་རེ་བས། ༡༢ དེ་རྟིང་ལས་ཁོང་ཚུ་ལས་ས་ཕྱོགས་ལུ་འགྱོ་མི་གཉིས་ལུ་སྐུ་གཞན་འགྱུར་དི་མཇལ་ཁ་གནང་ནུག།། ༡༣ ཁོང་ཚུ་ལོག་ཞིནམ་ད་གཞན་ཚུ་ལུ་བཤད་རུང་མི་ཚུ་གྱིས་བདེན་པ་མ་རེ་བས།། ༡༤ དེ་ཤུལ་ལས་ཁོང་སློབ་མ་བཅུ་གཅིགཔ་དེ་བཞེས་གོ་བཟའ་སྡོདཔ་ད་མཇལ་ཁ་གནང་དི། སྐུ་གསོན་པོ་བཞེངས་ཡོདཔ་མཇལ་རུང་བདེན་པ་མ་རེ་བས། སེམས་ས་ཀྲག་དང་དད་པ་མེདཔ་ལས་ཁོང་ལུ་བཀའ་བཀྱོན་གནང་ནུག།། ༡༥ དེ་ལས་ཡེ་ཤུ་གྱིས་ཁོང་ལུ། ཁྱེད་ཚུ་འཛམ་གླིང་ག་སྟི་མེད་པར་སོངས་ཞིནམ་ལས་མི་ག་ར་ལུ་འཕྲིན་བཟང་འདི་བཤད་འབྱིན།། ༡༦ ཁོ་ག་གིས་དད་པ་ཡོད་མི་ལུ་ཁྲུས་གསོལ་འབྱིན་དི་ཐར་པ་ཐོབ། དེ་ལས་ཁོ་ག་གིས་དད་པ་ལོག་མི་ལུ་བཀའ་ཆད་ཕོག་འོང་།། ༡༧ དད་པ་ཡོད་མི་ཚུ་ངི་མིང་བརྗོད་ཞིནམ་ད་གདོན་ཚུ་བཏོན་བཏང་ནི་དང་། བློའོ་མ་འདྲཝ་སྐད་རིགས་ཚུ་སླབས་ནི་དང་།། ༡༨ ཁོང་གིས་སྦུལ་ལགཔ་ལུ་ལེན་ནི་དང་། དུག་རིགས་ཚུ་འཐུང་རུང་ཁོང་ལུ་གང་ཡང་གནོདཔ་བཀལ་མི་ཚུགས། མི་ནདཔ་ལགུ་ལགཔ་བཞག་སྟི་ནད་གསོ་འབད་ཚུགས་ཟེར་བཀའ་ནུག།། ༡༩ དེ་བཟུམ་གཙོ་བོ་ཡེ་ཤུ་གྱིས་ཁོང་ལུ་དེ་སྦེ་གསུངས་ཚར་བའི་ཤུལ་ལས། ཁོ་ཞིང་ཁམས་ནང་ལུ་གདན་དྲངས་ཏི། དཀོན་མཆོག་གི་གཡས་ཁ་ཐུག་ལུ་བཞུགས་ནུག།། ༢༠ དེ་ལས་སློབ་མ་ཚུ་སོངས་ཞིནམ་ད་ས་ཕྱོགས་ག་སྟི་ལུ་ཡང་ཆོས་བཤད་ཞིནམ་ད་། གཙོ་བོའི་ཁོང་མཉམ་ཆ་རོགས་མཛད་གནངམ་ལས། རྟགས་མཚན་ཚུ་བསྟོན་པའི་བཀའ་བདེན་པ་ཨིནམ་བདེན་ཁུངས་བསྐྱེལ་ནུག་གོ།། ཨ་མེན།།